Colophon དེ་ལྟར་རྨི་ལམ་འཁྲུལ་སྣང་འདི། དཀར་ཆག་ཡི་གེར་བཏབ་པ་ཡང་། རིག་འཛིན་རྗེ་ལ་མཐོལ་ལོ་བཤགས། བཀའ་སྐྱོང་རྣམས་ལ་བཟོད་པར་གསོལ། འདི་བྲིས་དགེ་བ་བསོད་ནམས་མཆོག་མཐུ་བྱིན་སྟོབས་དང་རྫུ་འཕྲུལ་གྱིས། བདག་སོགས་ཕྱི་རབས་གང་ཟག་རྣམས། ཉེས་པའི་སྐྱོན་རྣམས་རབ་གྲོལ་ནས། ལེགས་པ་ཕུན་སུམ་འཚོག་འགྱུར་ཏེ། ཚེ་ཡི་རིག་འཛིན་ས་ཐོབ་སྟེ། ཁ་བ་ཅན་གྱི་བོད་ཡུལ་དུ། བསྟན་པ་མི་ནུབ་དར་རྒྱས་ནས། ནམ་མཁའི་གདོད་ནས་དག་པ་ལ། ཉི་ཤར་ཅི་བཞིན་བཀྲ་ཤིས་ཤོག། de ltar rmi lam 'khrul snang 'di/ dkar chag yi ger btab pa yang / rig 'dzin rje la mthol lo bshags/ bka' skyong rnams la bzod par gsol/ 'di bris dge ba bsod nams mchog mthu byin stobs dang rdzu 'phrul gyis/ bdag sogs phyi rabs gang zag rnams/ nyes pa'i skyon rnams rab grol nas/ legs pa phun sum 'tshog 'gyur te/ tshe yi rig 'dzin sa thob ste/ kha ba can gyi bod yul du/ bstan pa mi nub dar rgyas nas/ nam mkha'i gdod nas dag pa la/ nyi shar ci bzhin bkra shis shog/