Colophon དེ་ལྟར་སྤྲང་པོ་ཁོ་བོ་ཡང་། ཨོ་རྒྱན་དུར་ཁྲོད་ཆེན་པོར་ཕྱིན། མ་ཅིག་གཙོ་མོས་དབང་ལུང་མཛད། བཀའ་ལུང་མན་ངག་གདམས་པ་ཐོབ། བདག་ལ་ལུང་བསྟན་མཛད་ཚུལ་གྱི། རྣམ་ཐར་གསལ་བྱེད་སྒྲོན་མ་འདི། དཀར་ཆག་ཡི་གེར་བཏབ་པ་ཡང་། མ་སྲིང་གཉེན་ལ་མཐོལ་ལོ་བཤགས། འདི་བྲིས་དགེ་བའི་བསོད་ནམས་ཀྱིས། ཁ་བ་ཅན་གྱིས་(གྱི)་བོད་ཡུལ་དུ། བསྟན་པ་དར་རྒྱས་བཀྲ་ཤིས་ཤོག། de ltar sprang po kho bo yang / o rgyan dur khrod chen por phyin/ ma cig gtso mos dbang lung mdzad/ bka' lung man ngag gdams pa thob/ bdag la lung bstan mdzad tshul gyi/ rnam thar gsal byed sgron ma 'di/ dkar chag yi ger btab pa yang / ma sring gnyen la mthol lo bshags/ 'di bris dge ba'i bsod nams kyis/ kha ba can gyis (gyi) bod yul du/ bstan pa dar rgyas bkra shis shog/