Colophon དེ་ལྟར་རྣལ་འབྱོར་ཁོ་བོ་ཡང་། སྔོན་གྱི་ལས་འཕྲོ་སད་པ་ཡི། མཁའ་སྤྱོད་ཨོ་རྒྱན་གནས་སུ་ཕྱིན། རིག་འཛིན་ཡབ་སྲས་རྣམས་དང་མཇལ། སྙན་རྒྱུད་དབང་ལུང་ཐོབ་ཚུལ་གྱི་རྣམ་ཐར་གསལ་བྱེད་སྒྲོན་མ་འདི། དད་ལྡན་སློབ་མས་རབ་བསྐུལ་ནས། ཤེལ་ལེ་རྒྱ་སྐར་གནས་མཆོག་ཏུ། དཀར་ཆག་ཡི་གེར་བཏབ་པ་འདི། བཀའ་སྐྱོངས་གཉན་ལ་བཟོད་པར་གསོལ། བསྒྲུབ་(སྒྲུབ)་རྒྱུད་བསྟན་པ་དར་བ་དང་། ལམ་བར་ཆོད་མེད་པར་མཐར་ཕྱིན་ནས། སྐུ་གསུམ་ཡེ་ཤེས་གནས་མཆོག་ཐོབ་ཤོག་གཉིས་པ་སྙན་དུ་བརྒྱུད་ཚུལ་དང*། གསུམ་པ་བཀའ་རྒྱ་བཀྲོལ་ཚུལ་ནི་གཞན་དུ་གསལ་ལོ།། de ltar rnal 'byor kho bo yang / sngon gyi las 'phro sad pa yi/ mkha' spyod o rgyan gnas su phyin/ rig 'dzin yab sras rnams dang mjal/ snyan rgyud dbang lung thob tshul gyi rnam thar gsal byed sgron ma 'di/ dad ldan slob mas rab bskul nas/ shel le rgya skar gnas mchog tu/ dkar chag yi ger btab pa 'di/ bka' skyongs gnyan la bzod par gsol/ bsgrub (sgrub) rgyud bstan pa dar ba dang / lam bar chod med par mthar phyin nas/ sku gsum ye shes gnas mchog thob shog gnyis pa snyan du brgyud tshul dang*/ gsum pa bka' rgya bkrol tshul ni gzhan du gsal lo//