Colophon དེ་ལྟར་བདག་གི་རྨི་ལམ་འཁྲུལ་སྣང་འདི། བླ་མ་རྗེ་དང་མཇལ་བའི་བྱིན་རླབས་དང་། མཚན་ལྡན་གྲོགས་དང་མཇལ་བའི་མཐུན་རྐྱེན་དང་། ཟུར་ཙམ་ཡི་གེར་བཀོད་པ་འདི། བླ་མ་བདེར་གཤེགས་རྣམས་ལ་བཟོད་པར་གསོལ། བཀྲ་ཤིས་ས་གནས་སྐྱ་ཐོང་ཐང་དུ་ནི། བདག་གིས་མཇལ་སྐོར་ཡི་གེར་བཏབ་པའི་དུས། ནམ་མཁའི་དབྱིངས་ནས་གཡུ་འབྲུག་གསུང་ཡང་བསྒྲགས། བར་སྣང་ཁམས་སུ་བདུད་རྩིའི་ཆར་ཡང་བབས། ས་གཞིའི་མི་རྣམས་ཀྱིས་ཀྱང་། དགའ་སྐྱིད་བདེ་བ་ཐོབ། བསྟན་པ་མི་ནུབ་འབྲུག་ལྟར་གྲགས་ནས་ཀྱང*། བཀྲ་ཤིས་རྩི་ཐོག་བཞིན་དུ་རྒྱས་པར་ཤོག་བཀྲ་ཤིས་སི་ཏི་འགུ་ཡ་སྨར།། de ltar bdag gi rmi lam 'khrul snang 'di/ bla ma rje dang mjal ba'i byin rlabs dang / mtshan ldan grogs dang mjal ba'i mthun rkyen dang / zur tsam yi ger bkod pa 'di/ bla ma bder gshegs rnams la bzod par gsol/ bkra shis sa gnas skya thong thang du ni/ bdag gis mjal skor yi ger btab pa'i dus/ nam mkha'i dbyings nas g.yu 'brug gsung yang bsgrags/ bar snang khams su bdud rtsi'i char yang babs/ sa gzhi'i mi rnams kyis kyang / dga' skyid bde ba thob/ bstan pa mi nub 'brug ltar grags nas kyang*/ bkra shis rtsi thog bzhin du rgyas par shog bkra shis si ti 'gu ya smar//