Catalog entry rKTs-B8364
ཀུན་སྐྱོབས་བྱམས་མ་སྔགས་བསྟོད་ཀྱི་ཚིག་དོན་མདོ་ཙམ་བསྟན་པའི་སྡུད་འགྲེལ་ཐར་ལམ་ཐེམ་སྐས
kun skyobs byams ma sngags bstod kyi tshig don mdo tsam bstan pa'i sdud 'grel thar lam them skas




Bkt266.3

ཀུན་སྐྱོབས་བྱམས་མ་སྔགས་བསྟོད་ཀྱི་ཚིག་དོན་མདོ་ཙམ་བསྟན་པའི་སྡུད་འགྲེལ་ཐར་ལམ་ཐེམ་སྐས
kun skyobs byams ma sngags bstod kyi tshig don mdo tsam bstan pa'i sdud 'grel thar lam them skas


Location
set MW30498: volume byams ma smad cha - folios 1a1-17b7

Colophon
ཞེས་བྱམས་མའི་བསྟོད་འབྲེལ་འདི་ཡང་ཞིབ་རྒྱས་སུ་བསྟན་པ་ནུས་ན། ལྷ་ཡི་མཚན་དང་ཚིག་ལུང་རིག་པ་དང་སྦྱར་ནས། ལེའུ་ཚན་ཆེན་པོ་ཉེར་གཅིག་ཕྱེས་ནས་པོ་ཏི་དུ་མར་ལོང་པ་འདུག་ཀྱང་། ཕྲན་རང་ནས་ཚོད་དཔག་གི་ལུང་ལས། ཚེ་ཟད་པ་བསྲིང་བར་ནུས་ཀྱང་ལས་རྣམ་པར་སྨིན་པ་ནི་གང་ལ་ཡང་མ་གཏོགས་སོ། ཞེས་གསུངས་པ་ལྟར། ལས་རྐྱེན་ཟུང་འབྲེལ་གཟུགས་གཞི་ཤིན་ཏུ་མི་བདེ་བའི་གཅེས་པས་ཚེ་འདིའི་སྐབས་ཐོག་ཐོ་ལོང་ཙམ་དུ། སྒོ་བཙུན་ཉི་མིང་པས། བྲིས་པ་ལ། ཉེས་འགལ་སོང་ན་མཁའ་འགྲོ་གཉན་ལ་མཐོལ་བཤགས་ཕུལ་ནས། སྨྲས་པ། བདག་ཀྱང་འདི་ནས་ཚེ་རབས་ཐམས་ཅད་དུ། བདག་ལྟ་འཁོར་བའི་ས་བོན་གཏན་སྤངས་ནས། བདག་མེད་དོན་རྟོགས་སྟོང་ཉིད་མངོན་གྱུར་ཏེ། བདག་གཞན་དོན་རྣམས་ལྷུན་གྲུབ་མཐར་ཕྱིན་ཤོག།
zhes byams ma'i bstod 'brel 'di yang zhib rgyas su bstan pa nus na/ lha yi mtshan dang tshig lung rig pa dang sbyar nas/ le'u tshan chen po nyer gcig phyes nas po ti du mar long pa 'dug kyang / phran rang nas tshod dpag gi lung las/ tshe zad pa bsring bar nus kyang las rnam par smin pa ni gang la yang ma gtogs so/ zhes gsungs pa ltar/ las rkyen zung 'brel gzugs gzhi shin tu mi bde ba'i gces pas tshe 'di'i skabs thog tho long tsam du/ sgo btsun nyi ming pas/ bris pa la/ nyes 'gal song na mkha' 'gro gnyan la mthol bshags phul nas/ smras pa/ bdag kyang 'di nas tshe rabs thams cad du/ bdag lta 'khor ba'i sa bon gtan spangs nas/ bdag med don rtogs stong nyid mngon gyur te/ bdag gzhan don rnams lhun grub mthar phyin shog/


Additional miscellaneous Collections

Mongolian Canon


source rKTs &