Catalog entry rKTs-B8310
གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ
gangs can bod kyi brda yang dag par sbyor ba ming gi bstan bcos legs par bshad pa blo gsal 'jug ngogs rin po che'i gter khyim




Bkt262.1

གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ
gangs can bod kyi brda yang dag par sbyor ba ming gi bstan bcos legs par bshad pa blo gsal 'jug ngogs rin po che'i gter khyim


Location
set MW30498: volume brda dag rin gter dang snyan ngag rin chen lde mig sogs - folios 1a1-180b4

Colophon
ཅེས་གངས་ཅན་བོད་ཀྱི་བརྡའ་ཡང་དག་པར་སྦྱོར་བའི་མིང་གི་བསྟན་བཅོས་བློ་གསལ་འཇུག་ངོགས་རིན་ཆེན་གཏེར་ཁྱིམ་ཞེས་བྱ་བ་འདི་ནི། རང་གིས་ཡིག་རིས་བསླབ་པའི་སློབ་བུ་བློ་གྲོས་སོགས་དོན་གཉེར་ཅན་འགའ་ཞིག་གིས་སྔ་ཕྱི་བསྐུལ་བ་མ་ཟད། རང་གིས་ཀྱང་གཤེན་གྱི་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་རིན་པོ་ཆེས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པ་འདི་ནི་གཞུང་གཅིག་གིས་མིང་དང་སྦྱོར་ཚུལ་ཕྲད་ཀྱི་ཐོབ་ཚུལ་སོགས་དག་སྦྱོར་ཡན་ལག་ཡོངས་རྫོགས་སྟོན་པའི་ལེགས་བཤད་རྣམ་དག་ཏུ་འདུག་ཅིང་། འདིའི་ལེའུ་དང་པོར་མིང་གི་ཐོབ་ཚུལ་ཙམ་ལས་ཧ་ཅང་བསྡུས་དྲགས་པས། འདིའི་མིང་གི་རིམ་པ་རྣམས་ཅུང་ཟད་རྒྱས་པར་ཕྱེས་ན་གསར་འཇུག་རྣམས་ལ་འཁྲིད་བདེ་བར་འདུག་སྙམ་པའི་འདུན་པ་དང*། དག་སྦྱོར་གྱི་གཞུང་རྒྱས་བསྡུས་མང་དུ་མཆིས་ཀྱང་ཡི་གེའི་བྱུང་ཁུངས་དང་སྦྱོར་ཚུལ་སོགས་ཁ་ཚང་བ་ཞིག་མ་མཐོང་བ་སོགས་ཀྱི་རྐྱེན་ལ་བརྟེན་ཏེ། བསྟན་པ་སྤྱི་དང་བྱེ་བྲག་གི་ཡི་གེ་བྱུང་ཁུངས་སྦྱོར་ཚུལ་ནས་བཟུང་། མཚམས་སྦྱོར་ཕྲད་ཀྱི་ཐོབ་ཚུལ་ཡན་ཆད་སྐབས་བཅུའི་བདག་ཉིད་ཅན་དུ་བྱས་ཤིང་། གསར་འཇུག་རྨོངས་པ་རྣམས་ཀྱིས་གོ་སླ་བའི་ཕྱིར་ལེགས་སྦྱར་སྙན་ཚིག་སོགས་ཀྱིས་མ་བཅིང་ཞིང་འབོལ་རྩོམ་ཚིག་བཅད་དུ་བྱས་ཏེ་བཀོད་པ་འདི་ནི། ཡུལ་ཁྲི་ཀའི་ལྗོངས་སུ་དལ་རྟེན་རྙེད་ཅིང་། རང་གཞན་གྱི་གྲུབ་མཐའ་ཀུན་ལ་མི་ཕྱེད་པའི་དག་སྣང་རྒྱས་ཀྱང་། དཔྱིས་སུ་ཕྱིན་པའི་ཉམས་ལེན་གྱི་ཡོན་ཏན་གང་ལའང་མེད་པའི་ཟོག་པོ་གྱི་ན་བ་གཤེན་གྱི་དགེ་སྦྱོར་ནམ་མཁའ་དབང་ཕྱུག་གམ། ཚུལ་མིང་ཀུན་བཟང་རྒྱལ་མཚན་ཞེས་བྱ་བའི་རང་ལོ་ཞེ་དགུའི་དུས་ཚིགས། ས་སྐྱོང་ཞེས་པ་ཤིང་བྱ་ལོའི་འབྲས་ལྡན་ཟླ་བའི་འཕེལ་ཕྱོགས་དགེས་བར། ཡུལ་རྒྱ་ནག་གི་ཉེ་འདབས་སྐྱེད་ཆེན་ཐོག་ལྷ་མཆེད་གསུམ་གྱི་རི་ཤོལ། མི་མེད་དབེན་པའི་ནགས་འདབས་ཞིག་ཏུ་གྲུབ་པར་བགྱིས་པ་འདིས་ཀྱང་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེ་གསལ་བའི་སྣང་བྱེད་དམ་པར་གྱུར་ཅིག།
ces gangs can bod kyi brda' yang dag par sbyor ba'i ming gi bstan bcos blo gsal 'jug ngogs rin chen gter khyim zhes bya ba 'di ni/ rang gis yig ris bslab pa'i slob bu blo gros sogs don gnyer can 'ga' zhig gis snga phyi bskul ba ma zad/ rang gis kyang gshen gyi mkhas grub tshul khrims rgyal mtshan rin po ches mdzad pa'i brda sprod nyi shu bdun pa 'di ni gzhung gcig gis ming dang sbyor tshul phrad kyi thob tshul sogs dag sbyor yan lag yongs rdzogs ston pa'i legs bshad rnam dag tu 'dug cing / 'di'i le'u dang por ming gi thob tshul tsam las ha cang bsdus drags pas/ 'di'i ming gi rim pa rnams cung zad rgyas par phyes na gsar 'jug rnams la 'khrid bde bar 'dug snyam pa'i 'dun pa dang*/ dag sbyor gyi gzhung rgyas bsdus mang du mchis kyang yi ge'i byung khungs dang sbyor tshul sogs kha tshang ba zhig ma mthong ba sogs kyi rkyen la brten te/ bstan pa spyi dang bye brag gi yi ge byung khungs sbyor tshul nas bzung / mtshams sbyor phrad kyi thob tshul yan chad skabs bcu'i bdag nyid can du byas shing / gsar 'jug rmongs pa rnams kyis go sla ba'i phyir legs sbyar snyan tshig sogs kyis ma bcing zhing 'bol rtsom tshig bcad du byas te bkod pa 'di ni/ yul khri ka'i ljongs su dal rten rnyed cing / rang gzhan gyi grub mtha' kun la mi phyed pa'i dag snang rgyas kyang / dpyis su phyin pa'i nyams len gyi yon tan gang la'ang med pa'i zog po gyi na ba gshen gyi dge sbyor nam mkha' dbang phyug gam/ tshul ming kun bzang rgyal mtshan zhes bya ba'i rang lo zhe dgu'i dus tshigs/ sa skyong zhes pa shing bya lo'i 'bras ldan zla ba'i 'phel phyogs dges bar/ yul rgya nag gi nye 'dabs skyed chen thog lha mched gsum gyi ri shol/ mi med dben pa'i nags 'dabs zhig tu grub par bgyis pa 'dis kyang rgyal ba gshen gyi bstan pa rin po che gsal ba'i snang byed dam par gyur cig/


Additional miscellaneous Collections

Mongolian Canon


source rKTs &