ཁྲོ་བོ་ལྷ་རྒོད་ཐོག་པའི་བསྙེན་སྒྲུབ་ལས་གསུམ་ཕྱག་བཞེས་གསལ་བྱེད་ཉི་མའི་དབང་པོ khro bo lha rgod thog pa'i bsnyen sgrub las gsum phyag bzhes gsal byed nyi ma'i dbang po
ཁྲོ་བོ་ལྷ་རྒོད་ཐོག་པའི་བསྙེན་སྒྲུབ་ལས་གསུམ་ཕྱག་བཞེས་གསལ་བྱེད་ཉི་མའི་དབང་པོ khro bo lha rgod thog pa'i bsnyen sgrub las gsum phyag bzhes gsal byed nyi ma'i dbang po Bkt
Bkt258.12
ཁྲོ་བོ་ལྷ་རྒོད་ཐོག་པའི་བསྙེན་སྒྲུབ་ལས་གསུམ་ཕྱག་བཞེས་གསལ་བྱེད་ཉི་མའི་དབང་པོ khro bo lha rgod thog pa'i bsnyen sgrub las gsum phyag bzhes gsal byed nyi ma'i dbang po
Location
set MW30498: volume smra seng blo 'phel lha rgod bcas kyi sgrub pod - folios 1a1-30a2
Colophon ཁྲོ་བོ་ལྷ་རྒོད་ཐོག་པའི་བསྙེན་སྒྲབ་ལས་གསུམ་གྱི་ཕྱག་བཞེས་གསལ་བྱེད་ཉི་མའི་དབང་པོ་འདི་ཡང་། རྗེ་རིན་པོ་ཆེ་རྩ་བའི་བླ་མ་རྣམ་འདྲེན་དམ་པ། བསོད་ནམས་བློ་གྲོས་དབང་གི་རྒྱལ་པོའི་གསང་མཚན་ཤེས་རབ་དགོངས་རྒྱལ་དེ་ཉིད་ཀྱིས་མཛད་པ་ཐ་དག་གི་ནང་ནས་མཆོག་ཏུ་གྱུར་པའི། གཏེར་རྒྱུད་དང་སྙན་རྒྱུད་གཉིས་སུ་ཟུང་འབྲེལ་གྱི་སྙིགས་དུས་འགྲོ་བའི་དོན་དུ་ཤིན་ཏུ་མངགས་པ་ཞིག་ཡིན་པའི་(པས།)འདི་ཡི་བསྟན་པའི་གསལ་བྱེད་ཐམས་ཅད་ཁྱོད་ཀྱིས་དགོས་གསུངས་ནས། བཀའི་གནང་བ་ལྡོག་མེད་དུ་རྩོལ་བཞིན་དུ། རྗེ་རིན་པོ་ཆེ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་ཅོད་པཎ་དུ་བཅིངས་པའི་ཁོ་བོ་ཐོས་ཆུང་བ་མདོ་གམ་མ་ཧ་བྷོ་ཏི་དབང་བསྒྱར་གྱི་གནམ་བསྐོས་མི་དབང་སྡེ་དགེའི་རྒྱལ་པོའི་མངའ་རིས་སུ་སྐྱེས་པའི་ཕྲན་སྐམ་རིགས་ཀྱི་སེར་གཟུགས་པ། བརྡ་སྤྲོད་ཕྱཝ་ཡི་མིང་དུ། བློ་གྲོས་ལོ་ཏོག་ལེགས་པའམ། འབོད་པ་ནང་གི་མིང་ལ། དྲུང་མུ་ཉི་ཝེར་དུ་འབོད་པ་བདག་གིས། རྒྱལ་བ་ཞེས་པ་ཤིང་ཕོ་རྟ་ཡི་ལོ་དཀའ་ཐུབ་ཟླ་བའི་ཡར་ཚེས་ལ། རྗེ་རིན་པོ་ཆེ་མཉམ་མེད་ཆེན་པོའི་དུས་ཆེན་གྱི། རྫོགས་པ་གསུམ་པའི་ཉིན་པར་གངས་ཅན་བོད་ཀྱི་འདུ་གནས་ཆེན་པོ། བཀྲ་ཤིས་སྨན་རིའི་བླ་བྲང་ཆེན་པོའི་གཡས་ཟུར་གྱི་མིང་དང་དོན་གཉིས་མཚུངས་པར་སྐྱེ་དགུའི་ཀུན་གྱི་སྤྱི་ཕུད་བཀུར་ཏིའི་(བསྟིའི)་རྩ་བ་རུ་གྱུར་པའི་རྟེན་འབྲེལ་ཐོབ་པའི་ཁམས་ཚན་གྱི་གྲཝ་གཤག་དང་པོ་རུ་སྦྱར་བ་འདིས་ཀྱང་བསྟན་པ་རིན་པོ་ཆེ་དར་བའི་རྒྱུ་རུ་གྱུར་ཅིག། khro bo lha rgod thog pa'i bsnyen sgrab las gsum gyi phyag bzhes gsal byed nyi ma'i dbang po 'di yang / rje rin po che rtsa ba'i bla ma rnam 'dren dam pa/ bsod nams blo gros dbang gi rgyal po'i gsang mtshan shes rab dgongs rgyal de nyid kyis mdzad pa tha dag gi nang nas mchog tu gyur pa'i/ gter rgyud dang snyan rgyud gnyis su zung 'brel gyi snyigs dus 'gro ba'i don du shin tu mngags pa zhig yin pa'i (pas/)'di yi bstan pa'i gsal byed thams cad khyod kyis dgos gsungs nas/ bka'i gnang ba ldog med du rtsol bzhin du/ rje rin po che de nyid kyi zhabs rdul spyi bor cod paN du bcings pa'i kho bo thos chung ba mdo gam ma ha b+ho ti dbang bsgyar gyi gnam bskos mi dbang sde dge'i rgyal po'i mnga' ris su skyes pa'i phran skam rigs kyi ser gzugs pa/ brda sprod phywa yi ming du/ blo gros lo tog legs pa'am/ 'bod pa nang gi ming la/ drung mu nyi wer du 'bod pa bdag gis/ rgyal ba zhes pa shing pho rta yi lo dka' thub zla ba'i yar tshes la/ rje rin po che mnyam med chen po'i dus chen gyi/ rdzogs pa gsum pa'i nyin par gangs can bod kyi 'du gnas chen po/ bkra shis sman ri'i bla brang chen po'i g.yas zur gyi ming dang don gnyis mtshungs par skye dgu'i kun gyi spyi phud bkur ti'i (bsti'i) rtsa ba ru gyur pa'i rten 'brel thob pa'i khams tshan gyi grwa gshag dang po ru sbyar ba 'dis kyang bstan pa rin po che dar ba'i rgyu ru gyur cig/