Colophon ཅེས་པའི་མདོ་སྡེ་ཡིད་བཞིན་ནོར་བུ་ལས་དབལ་ཁྱུང་དམར་ནག་སྒྲུབ་ཆོག་འདི་ནི་མཁའ་འགྲོ་བདེ་ཆེན་དབང་མོའི་(མོས)་གཡུ་མཚོ་ནས་གཏེར་དུ་དྲངས་ཤིང་། ཕྱིས་སུ་མཐོང་གྲོལ་རི་ཁྲོད་ཁྲི་འཛིན་ཀུན་དགའ་རྒྱལ་མཚན་ཚུལ་རྒྱལ་སྐུ་མཆེད་དང་། སྟག་བླ་སེང་ཉི་དང་། གཡུང་དྲུང་རྣམ་དག་སྐྱང་མཚམས་གཡུང་དྲུང་རྒྱལ་མཚན་རིན་རྒྱལ་སོགས་ཀྱིས་བསྐུལ་ངོར། མཁའ་འགྲོའི་མིང་འཛིན་དབང་མོའི་(མོས)་ཤོག་སེར་ལ་ཕབ་ཏེ་སྤེལ་བའོ།། ཐོག་མའི་ཡི་གེ་པ་ནི་དངོས་སློབ་གཡུང་དྲུང་དཔལ་ལྡན་གྱིས་བགྱིས་པས་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག། ces pa'i mdo sde yid bzhin nor bu las dbal khyung dmar nag sgrub chog 'di ni mkha' 'gro bde chen dbang mo'i (mos) g.yu mtsho nas gter du drangs shing / phyis su mthong grol ri khrod khri 'dzin kun dga' rgyal mtshan tshul rgyal sku mched dang / stag bla seng nyi dang / g.yung drung rnam dag skyang mtshams g.yung drung rgyal mtshan rin rgyal sogs kyis bskul ngor/ mkha' 'gro'i ming 'dzin dbang mo'i (mos) shog ser la phab te spel ba'o// thog ma'i yi ge pa ni dngos slob g.yung drung dpal ldan gyis bgyis pas bstan pa yun ring du gnas par gyur cig/