Colophon ཅེས་པའི་མདོ་སྡེ་ཡིད་བཞིན་ནོར་བུ་འདི་ཉིད་སྤུ་རྒྱལ་གནས་ཆེན་ཉེ་བར་བྱང་གི་གཡུ་མཚོ་ཕྱུག་མོ་ནས། མཁའ་འགྲོ་བདེ་ཆེན་དབང་མོའི་(མོས)་ཟབ་གཏེར་རིན་པོ་ཆེ་སྤྱན་དྲངས་ཏེ་བཀའ་རྒྱ་གདབ་ཅིང་བཞག་ཕྱིས་སུ་འགྲོ་དོན་དུས་ལ་བབས་ཚེ་སྔར་སྔ)་ཕྱི་ཐམས་ཅད་གྲུབ་བརྒྱའི་གཙུག་རྒྱན་ཤར་རྫ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན། ཁྲོ་སྤྲུལ་གཡུང་དྲུང་མཐོང་གྲོལ་སོགས་དམ་པ་མང་པོའི་བཀའ་གཏེར་དག་སྣང་སྙན་རྒྱུད་སོགས་སྙིང་ཐིག་བཅུ་གསུམ་ཕབ་དགོས་ཀྱི་ནན་བསྐུལ་དང་། ཉེ་བར་ཁྱུང་དཀར་གྲུབ་དབང་གོང་འོག་གི་བརྒྱུད་འཛིན་ཀུན་དགའ་ཚུལ་ཁྲིམས་སྐུ་མཆེད་དང་། སྟག་བླ་སེང་གེ་ཉི་མ་རི་ཁྲོད་མཚམས་པ་ཐམས་ཅད་ཀྱི་སྒྲབ་གནས་འདིར་རྟེན་སྐལ་དུ་ཕེབ་རོག་གིས་ནན་བསྐུལ་ཆེད་དུ། ཁྱུང་དཀར་བྲག་དམར་རི་འདུས་མདུན་མཐོང་གྲོལ་རི་ཁྲོད་དུ་ཤོག་སེར་ལ་དག་པར་ཕབ་པས་ཟབ་གཏེར་རིན་པོ་ཆེ་ཉི་ཟླའི་འོད་ཟེར་བཞིན་ཁྱབ་པ་ཤོག་ཅིག་གུ། དགེའོ། ཐོག་མའི་ཡིག་རིས་བྱེད་པོ་རིས་བྲལ་རྒྱལ་བསྟན་ཡོངས་ཀྱི་སྙིང་པོར་འཆང་བ་མཐོང་གྲོལ་རི་ཁྲོད་མཆོག་སྤྲུལ་ཀུན་དགའ་རིན་པོ་ཆེའི་བགྱིས་པས་དགེ་ལེགས་ཀྱི་ཕྱོགས་དུས་གནས་སྐབས་ཀུན་དུ་བཀྲ་ཤིས་བདེ་ལེགས་ཆེན་པོར་ཡོངས་སུ་ཁྱབ་པར་གྱུར་ཅིག། ces pa'i mdo sde yid bzhin nor bu 'di nyid spu rgyal gnas chen nye bar byang gi g.yu mtsho phyug mo nas/ mkha' 'gro bde chen dbang mo'i (mos) zab gter rin po che spyan drangs te bka' rgya gdab cing bzhag phyis su 'gro don dus la babs tshe sngar snga) phyi thams cad grub brgya'i gtsug rgyan shar rdza rin po che bkra shis rgyal mtshan/ khro sprul g.yung drung mthong grol sogs dam pa mang po'i bka' gter dag snang snyan rgyud sogs snying thig bcu gsum phab dgos kyi nan bskul dang / nye bar khyung dkar grub dbang gong 'og gi brgyud 'dzin kun dga' tshul khrims sku mched dang / stag bla seng ge nyi ma ri khrod mtshams pa thams cad kyi sgrab gnas 'dir rten skal du pheb rog gis nan bskul ched du/ khyung dkar brag dmar ri 'dus mdun mthong grol ri khrod du shog ser la dag par phab pas zab gter rin po che nyi zla'i 'od zer bzhin khyab pa shog cig gu/ dge'o/ thog ma'i yig ris byed po ris bral rgyal bstan yongs kyi snying por 'chang ba mthong grol ri khrod mchog sprul kun dga' rin po che'i bgyis pas dge legs kyi phyogs dus gnas skabs kun du bkra shis bde legs chen por yongs su khyab par gyur cig/