Catalog entry rKTs-G82
འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད
'jam dpal dgongs pa 'dus pa gsang sngags chen po'i rgyud




Gbr004.9

འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད
'jam dpal dgongs pa 'dus pa gsang sngags chen po'i rgyud


Location
set MW21519: volume 4 - folios 1a1-14b4



Gdg005.3

འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ཅེས་བྱ་བ
'jam dpal dgongs pa 'dus pa gsang sngags chen po'i rgyud ces bya ba
མཉྫུ་ཤྲཱི་ཨཱ་ཤ་ཡ་ས་མུ་ད་ཡ་མ་ཧཱ་མནྟྲ་ཏནྟྲ་ནཱ་མ
many+dzu shrI A sha ya sa mu da ya ma hA man+t+ra tan+t+ra nA ma


Location
set MW21939: volume ca - folios 30b1-40a3



Ggk004.005

འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ཅེས་བྱ་བ
'jam dpal dgongs pa 'dus pa gsang sngags chen po'i rgyud ces bya ba


Location
set MW1ER156: volume rgyud 'bum nga - folios 1b1-15a6



Ggm10.23

འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ཅེས་བྱ་བ
'jam dpal dgongs pa 'dus pa gsang sngags chen po'i rgyud ces bya ba
མཉྫུ་ཤྲཱི་དྷུད་ཏྲ་ས་མ་ཏི་མ་ཧཱ་གུ་ཡ་མན་ཏྲ་ཏན་ཏྲ་ནཱ་མ
many+dzu shrI d+hud tra sa ma ti ma hA gu ya man tra tan tra nA ma


Location
set MWEAP105-1-1: volume tha - folios 283b2-296a6



Ggt10.24

འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད
'jam dpal dgongs pa 'dus pa gsang sngags chen po'i rgyud


Location
set MWEAP039-1-3-1: volume tha - folios 279a5-290b8



Gkh029.006

འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད
'jam dpal dgongs pa 'dus pa gsang sngags chen po'i rgyud


Location
set MW2PD17382: volume ha - folios 1b1-20a2



Gpb006.018

འཇམ་དཔལ་དགོངས་པ་འདུས་པ་གསང་སྔགས་ཆེན་པོའི་རྒྱུད་ཅེས་བྱ་བ
'jam dpal dgongs pa 'dus pa gsang sngags chen po'i rgyud ces bya ba
མཉྫུ་ཤྲཱི་ཨཱ་ཤ་ཡ་ས་མུ་ད་ཡ་མ་ཧཱ་མནྟྲ་ཏནྟྲ་ནཱ་མ
many+dzu shrI A sha ya sa mu da ya ma hA man+t+ra tan+t+ra nA ma


e-text
Textual structure
Location
set MW1KG14783: volume cha - folios 321b4-336a1



Gtn004.016

འཇམ་དཔལ་དགོངས་པ་འདུས་པ། གསང་སྔགས་ཆེན་པོའི་རྒྱུད་ཅེས་བྱ་བ
'jam dpal dgongs pa 'dus pa/ gsang sngags chen po'i rgyud ces bya ba
མཉྫུ་ཤྲཱི་བྷུད་ཏྲ་ས་མ་ཏི་མ་ཧཱ་གུ་ཡ་མནྟྲ་ཏནྟྲ་ནཱ་མ
many+dzu shrI b+hud tra sa ma ti ma hA gu ya man+t+ra tan+t+ra nA ma


Textual structure
Location
set MW2PD19896: volume - folios 279b3-291b4

Colophon
དེ་ནས་ཡང་སྟོན་པས་བཀའ་སྩལ་པ།། རྡོ་རྗེ་འཛིན་པ་ལེགས་པར་ཟུང།། སྐུ་དང་གསུང་དང་ཐུགས་དང་གསུམ།། དགོངས་པ་མ་ནོར་དེ་བཞིནོ།། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་ཡང།། ཡུལ་མེད་འབྱུང་བར་མི་འགྱུར་ཏེ།། སྤྱིར་ན་ཞིང་ཁམས་གསུམ་ན་ཡང།། སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཡིན།། ཆོསྐུའི་ཞིང་ཁམས་རྣམ་དག་སྟུག་པོ་བཀོད་པའི་ས།། ལོངསྐུའི་ཞིང་ཁམས་མཚན་རྫོགས་རྡོ་རྗེ་འཆང་གིས། །སྤྲུལ་སྐུའི་ཞིང་ཁམས་ཁམས་གསུམ་འཁོར་བའི་རྒྱུ། །གདུལ་བྱ་གསུམ་ཡང་དེ་བཞིན་ཏེ། །ཉིད་ལས་མི་ཞེན་སྐུ་ལྔ་དང། །སེཾདའ་སེམས་མའི་ས་དང་ནི། །རིགས་དྲུག་དུ་མ་སྣང་བའོ། །དེ་དག་ལ་ཡང་གཉིས་ཡིན་ཏེ། །སྤྲུལ་པ་སྐུ་དང་རང་རྒྱུད་པ། །རང་རྒྱུད་འཁྲུལ་ཞིང་འཁོར་བ་སྟེ། །ཡན་ལག་བཅིུས་སྲིད་རྩ་སྟོན། །རྟེན་འབྲེལ་འཁོར་ལོ་བཅིུས་འཆང། །སྣང་བ་ཆེན་པོ་གསལ་བ་ཆེ། །ནོར་བུ་ཆེན་པོ་རིན་ཆེན་ཏོག་།འོད་ཆེན་རྣཾར་སྣང་བར་བྱེད། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སེཾན་ཀུན་གྱི་ཡིད་ལྟར་འགྱོགས། །སྣ་ཚོགས་གཟུགས་ཅན་ཡིད་ལ་སྐྱེས། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །དེ་ལྟར་འཁྲུལ་སྣང་ཤར་བའོ། །དེ་ནི་སྤྲུལ་སྐུའི་ཞིང་ཁམས་ཡིན། །ཆོས་སྐུའི་ཞིང་ཁམས་ཐུགས་ཀྱི་ལེའུ་བཞིན། །ལོངས་སྐུའི་ཞིང་ཁམས་སྐུའི་ལེའུ་བཞིན། །ཐུགས་རྡོ་རྗེ་དག་པའི་བྱུང་ཚུལ་ཡང། ། སྐུ་ཡི་འོད་དང་གསུང་གི་འོད་ཟེར་ལས་བྱུང། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །སྐུ་གསུམ་དྲི་མེད་ཐུགས་རྗེ་འབྱུང། །ཆོསྐུའི་གནས་ལུགས་གོང་བཞིན་བསྟན། །ཐུགས་རྗེ་རྒྱལ་བའི་རིག་པ་སྟེ། །གོང་བཤད་བཞིན་དུ་ཤེས་པར་བགྱིས།།ལོངསྐུའི་ཐུགས་རྗེས་སྤྲུལ་སྐུ་སྟེ། །ལོངས་སྤྱོད་རྫོགས་སྐུ་སྐུ་ཡི་རྒྱལ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག་།ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག་།སངཡས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད།།ཇི་བཞིན་འགྲོ་བའི་དོན་བགྱིད་པ། །ལྷའི་དབང་པོ་ལྷའི་ལྷ། །ལྷའི་བདག་པོ་ལྷ་མིན་བདག་།འཆི་མེད་དབང་པོ་ལྷ་ཡི་ལྷ། །འཇོམ་བྱེད་འཇོམ་བྱེད་དབང་ཕྱག་པོ། །རྡོ་རྗེ་སེཾདའ་། སེཾདའ་ཆེ། །སྟོན་པ་གཅིག་པོ་འགྲོ་བའི་བླ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལ་དགོད། །སངཡས་འགྲོ་བའི་ཆོས་འཛིན་པ། །དཔལྡན་སངཡས་པདྨ་སྐྱེས། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་དཀྱིལ་དཀྲུངས་རྫོགསངཡས། །ཤེས་རབ་ཆེན་པོ་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་པོ། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །རྡོ་རྗེ་བློ་གྲོས་དོན་ཆེན་བྱེད། །ཀུན་ཏུ་བཟང་པོའི་གཙོ་བོ་སྟེ། །འགྲོ་ཀུན་དགའ་བའི་མིག་དང་ལྡན། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་གསེལ། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཐོ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཆོས་ཀྱི་གཧནདེ་སྒྲ་བོ་ཆེ། །ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ། །ཆོས་ཀྱི་དུང་དེ་སྒྲ་ཆེན་ལྡན། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་ཅིང་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །གཟུགསུ་འབྱིན་པ་བླ་ན་མེད། །ནད་དོ་ཅོག་གི་སྒྲ་ཆེ་བ། །སྨན་རྣམས་མ་ལུས་ལྗོན་པའི་ཤིང། །འགྲོ་བའི་མར་མེཡཻསྒྲོན།། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ།།འདུ་ཤེས་ཀུན་གྱི་དོན་སྤངས་ཤིང། །སེམས་ཅན་ཀུན་ཡིད་ཡིད་དན་ལྡན། །སངས་རྒྱས་ཀུན་གྱི་ཐུགས་རིག་པ། །སེཾན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག་།སེཾན་ཀུན་ཡིད་ཚིམ་པར་བྱེད། །མྱ་ངན་འདས་པ་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་གསེལ་བའི་མཐར་གྱུར་པ། །ཆགས་བྲ་ལུས་ལས་འདས་པ་པོ། །ལུས་ཅན་ཀུན་ལས་རྣཾར་གྲོལ། །ཞེས་གསུངསོ།། དེ་ནས་ལག་ན་རྡོ་རྗེ་སྣ་དྲངས་ནས། །བསྐོར་བ་ལན་གསུམ་བྱས་པ་སྟེ། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །རྫོགསངཡས་ལ་ཕྱག་འཚལ་ནས། །ལག་ན་རྡོ་རྗེའི་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རངོ། །ལེགསོ་ལེགསོ་ལེགས་པར་གསུངས། །དེ་ཡིས་ངས་དགོངས་ཟབ་མོའི་དོན། །རྣམ་གྲོལ་འབྲས་བུ་འཚལ་པ་ཡིས། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད།། འགྲོ་བའི་མགོན་པོ་རྗེས་ཡིད་རངས། །ཅེསྒསུངསོ།། ཐེག་པ་ཀུན་གྱི་ཡང་རྩེ།། གསུང་རབ་མ་ལུས་པའི་ཉིད་ཁུ།། འཇམ་དཔལ་དགོངས་པ་འདུས་པ་ཞེས་བྱ་བ།། གཏེར་གྱི་སྙིང་པོ་རྫོགསོ།། གུ་རུ་རིན་པོ་ཆེ་པདྨ་དང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ།།
de nas yang ston pas bka' stsal pa// rdo rje 'dzin pa legs par zung// sku dang gsung dang thugs dang gsum// dgongs pa ma nor de bzhino// sku dang gsung dang thugs kyi rdo rje yang// yul med 'byung bar mi 'gyur te// spyir na zhing khams gsum na yang// sku gsum rgyal ba'i zhing khams yin// chosku'i zhing khams rnam dag stug po bkod pa'i sa// longsku'i zhing khams mtshan rdzogs rdo rje 'chang gis/ /sprul sku'i zhing khams khams gsum 'khor ba'i rgyu/ /gdul bya gsum yang de bzhin te/ /nyid las mi zhen sku lnga dang/ /seMda' sems ma'i sa dang ni/ /rigs drug du ma snang ba'o/ /de dag la yang gnyis yin te/ /sprul pa sku dang rang rgyud pa/ /rang rgyud 'khrul zhing 'khor ba ste/ /yan lag bcuis srid rtsa ston/ /rten 'brel 'khor lo bcuis 'chang/ /snang ba chen po gsal ba che/ /nor bu chen po rin chen tog /'od chen rnaMr snang bar byed/ /ye shes sku ste rang byung ba/ /seMn kun gyi yid ltar 'gyogs/ /sna tshogs gzugs can yid la skyes/ /gzugs rnams sna tshogs kun tu ston/ /de ltar 'khrul snang shar ba'o/ /de ni sprul sku'i zhing khams yin/ /chos sku'i zhing khams thugs kyi le'u bzhin/ /longs sku'i zhing khams sku'i le'u bzhin/ /thugs rdo rje dag pa'i byung tshul yang/ / sku yi 'od dang gsung gi 'od zer las byung/ /rdo rje nyi ma snang ba che/ /rdo rje zla ba dri med 'od/ /sku gsum dri med thugs rje 'byung/ /chosku'i gnas lugs gong bzhin bstan/ /thugs rje rgyal ba'i rig pa ste/ /gong bshad bzhin du shes par bgyis//longsku'i thugs rjes sprul sku ste/ /longs spyod rdzogs sku sku yi rgyal/ /mngon shes drug ldan rjes dran drug /yi ge drug pa rdo rje'i sgra/ /sprul pa'i sku ste sku yi mchog /sangyas sprul pa'i rgyud 'chang ba/ /phyogs bcur sprul pa sna tshogs 'gyed//ji bzhin 'gro ba'i don bgyid pa/ /lha'i dbang po lha'i lha/ /lha'i bdag po lha min bdag /'chi med dbang po lha yi lha/ /'jom byed 'jom byed dbang phyag po/ /rdo rje seMda' / seMda' che/ /ston pa gcig po 'gro ba'i bla/ /sprul pa'i 'khor lo sna tshogs 'chang/ /'jig rten phyogs bcur rab grags pa/ /chos kyi sbyin bdag che ba po/ /byams pa'i go cha chas pa ste/ /snying rje yi ni ya la dgod/ /sangyas 'gro ba'i chos 'dzin pa/ /dpaldan sangyas pad+ma skyes/ /kha dog sna tshogs 'bar ba'i 'od/ /rdo rje dkyil dkrungs rdzogsangyas/ /shes rab chen po skad cig la/ /chos kun khong du chud pa po/ /chos kun mngon par rtogs pa ste/ /rdo rje dbang phyug gsang ba'i rgyal/ /rdo rje blo gros don chen byed/ /kun tu bzang po'i gtso bo ste/ /'gro kun dga' ba'i mig dang ldan/ /shes rab ral gri mda' gzhu thogs/ /nyon mongs mi shes g.yul ngo gsel/ /rdo rje lcags kyu zhags pa tho/ /rdo rje ral gris ma lus gcod/ /chos kyi ghande sgra bo che/ /phyogs bcur chos kyi rnga bo che/ /chos kyi dung de sgra chen ldan/ /chos kyi rgyal mtshan legs par 'dzugs/ /'gro na gdugs cing yangs pa ste/ /byams dang snying rje'i dkyil 'khor can/ /sman pa che mchog gtso bo ste/ /gzugsu 'byin pa bla na med/ /nad do cog gi sgra che ba/ /sman rnams ma lus ljon pa'i shing/ /'gro ba'i mar meyaisgron// snying rje chen po shes rab thabs/ /don yod 'gro ba'i don byed pa//'du shes kun gyi don spangs shing/ /sems can kun yid yid dan ldan/ /sangs rgyas kun gyi thugs rig pa/ /seMn kun gyi yid la gnas/ /de dag sems dang mthun par 'jug /seMn kun yid tshim par byed/ /mya ngan 'das pa mya ngan 'das/ /legs par mya ngan 'das dang nye/ /bde sdug gsel ba'i mthar gyur pa/ /chags bra lus las 'das pa po/ /lus can kun las rnaMr grol/ /zhes gsungso// de nas lag na rdo rje sna drangs nas/ /bskor ba lan gsum byas pa ste/ /dga' zhing mgu nas thal mo sbyar/ /rdzogsangyas la phyag 'tshal nas/ /lag na rdo rje'i khro bo'i rgyal/ /sna tshogs gzhan dang lhan cig tu/ /gsang bstod nas ni tshig 'di gsol/ /mgon po bdag cag yi rango/ /legso legso legs par gsungs/ /de yis ngas dgongs zab mo'i don/ /rnam grol 'bras bu 'tshal pa yis/ /'gro ba mgon med rnams dang ni/ /bdag cag rdzogs pa yi/ /byang chub thob pa'i don chen mdzad// 'gro ba'i mgon po rjes yid rangs/ /cesgsungso// theg pa kun gyi yang rtse// gsung rab ma lus pa'i nyid khu// 'jam dpal dgongs pa 'dus pa zhes bya ba// gter gyi snying po rdzogso// gu ru rin po che pad+ma dang ska ba dpal brtsegs kyis bsgyur ba'o//


Additional miscellaneous Collections

Mongolian Canon


source rKTs &