Catalog entry rKTs-B8143
རྩ་གསུམ་རབ་འབྱམས་འདུས་པའི་རྒྱུད་ལས་བྱད་ཁ་གཏད་ཁྲམ་ཟློག་བྱེད་མེ་ཡི་འཁོར་ལོ
rtsa gsum rab 'byams 'dus pa'i rgyud las byad kha gtad khram zlog byed me yi 'khor lo




Bkt255.14

རྩ་གསུམ་རབ་འབྱམས་འདུས་པའི་རྒྱུད་ལས་བྱད་ཁ་གཏད་ཁྲམ་བཟློག་བྱེད་མེ་ཡི་འཁོར་ལོ
rtsa gsum rab 'byams 'dus pa'i rgyud las byad kha gtad khram bzlog byed me yi 'khor lo


Location
set MW30498: volume stong rgyung sgrub skor las nor sgrub sogs - folios 1a1-44b5

Colophon
ཅེས་སྟོང་རྒྱུང་དྲག་པོའི་རྒྱུད་ལས་བཟློག་(ཟློག)་པ་མེ་དཔུང་འཁོར་ལོ་འདི་ཉིད། གསང་བ་སྔགས་ཀྱི་བདག་ཉིད་གར་དབང་བདུད་འདུལ་སྙིང་པོའམ། སྟོང་རྒྱུང་རོལ་གར་གཡུང་དྲུང་བསྟན་འཛིན་གྲགས་པ་དང་། སྙིང་གི་ཐ་ཚིག་ལ་གནས་པའི་དགེ་རྒན་ཤེས་རབ་ཕུན་ཚོགས་གཉིས་ནས་དར་དཀར་དྲི་མེད་ཡུག་རིང་གིས་སྣ་དྲངས་ནས། ཡང་ཡང་བསྐུར་(བསྐུལ)་བ་དང་། ཕྱིས་སུ་རང་གམ་དུ་གནས་པའི་ཡང་སློབ་བཙུན་ཆུང་གཡུང་ཕུན་ནས་དར་དྲི་མེད་ཀྱིས་འཚམས་(མཚམས)་སྦྱར་བ་ནས་བསྐུར་(བསྐུལ)་བ་དང་། ཉེ་འབྲེལ་སྔགས་འཆང་དཔལ་སྡིས་ནས་གུས་པས་གསོལ་བ་དྲག་ཏུ་བཏབ་ནས་བསྐུལ་བ་ལ་བརྟེན་ནས། ཚེ་དབང་མངོན་བྱང་(བྱོན)་ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་མིང་ནི་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་གིས། སྙིགས་དུས་སྐབས་སུ་བབ་པའི་རིག་འཛིན་ཆེན་པོའི་ཞལ་ལུང་བཞིན་དུ། ཤར་གྲོལ་སྨིན་གླིང་དུ། བཀྲ་ཤིས་པའི་དགའ་སྟོན་ཉིན་པར་སྤེལ་ཞིང་བརྒྱུད་པའོ། དགེ་དེས་བར་ཆད་བྱད་མ་མིང་མེད་དུ་བརླག་པའི་རྒྱུར་གྱུར་ཅིག།
ces stong rgyung drag po'i rgyud las bzlog (zlog) pa me dpung 'khor lo 'di nyid/ gsang ba sngags kyi bdag nyid gar dbang bdud 'dul snying po'am/ stong rgyung rol gar g.yung drung bstan 'dzin grags pa dang / snying gi tha tshig la gnas pa'i dge rgan shes rab phun tshogs gnyis nas dar dkar dri med yug ring gis sna drangs nas/ yang yang bskur (bskul) ba dang / phyis su rang gam du gnas pa'i yang slob btsun chung g.yung phun nas dar dri med kyis 'tshams (mtshams) sbyar ba nas bskur (bskul) ba dang / nye 'brel sngags 'chang dpal sdis nas gus pas gsol ba drag tu btab nas bskul ba la brten nas/ tshe dbang mngon byang (byon) tshe dbang bde chen snying po'am/ gsang ba'i ming ni g.yung drung thogs med rtsal du 'bod pa bdag gis/ snyigs dus skabs su bab pa'i rig 'dzin chen po'i zhal lung bzhin du/ shar grol smin gling du/ bkra shis pa'i dga' ston nyin par spel zhing brgyud pa'o/ dge des bar chad byad ma ming med du brlag pa'i rgyur gyur cig/


Additional miscellaneous Collections

Mongolian Canon


source rKTs &