set MW30498: volume stong rgyung sgrub skor las nor sgrub sogs - folios 1a1-48a5
Colophon རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་གྱི། སྒྲུབ་ཐབས་ཟད་མེད་རྒྱ་མཚོའི་གཏིང་ཟབ་ལས། དྲག་སྒྲུབ་གནམ་ལྕགས་ཐོགས་འབེབས་ཞེས་བྱ་བ། བླ་མའི་མིང་ཐོབ་དྲུང་མུ་ཐོགས་མེད་རྩལ། གོང་མའི་གདན་ས་ཤར་གྲོལ་སྨིན་གླིང་དུ། མཚན་བཅས་མ་སྦྱོང་མཚན་མེད་གཞི་རྩ་ཆོད། ཉོན་མོངས་གྲོལ་འཁྲུལ་ལྷན་སྐྱེས་བྱང་ཆུབ་སེམས། འཁོར་འདས་འུབ་ཆུབ་ཀཿ་དག་ལྷུན་གྱིས་གྲུབ། ཐམས་ཅད་རོ་གཅིག་གྱུར་པའི་སེམས་ཉིད་ལ། བལྟས་ཀྱང་གཉུག་མ་མ་བལྟས་དུ་རེ་བ། ལྟ་བྱ་ལྟ་བྱེད་གཅིག་ཤེས་ཀུན་ཏུ་གྲོལ། ཡེ་ནས་སྟོང་ཞིང་བདག་མེད་མི་དམིགས་མཐའ་དང་བྲལ། ཤར་གྲོལ་དུས་མཉམ་རོལ་རྩལ་འགག་མེད་ཟེར། སྣ་ཚོགས་འགྱུ་བའི་དྲན་རྟོགས་འགྱུ་འགྱུ་བུན། ཡེངས་མེད་རིག་པའི་སོ་པས་ཙེར་གྱིས་ཟིན། དལ་ཙམ་གནས་ལུགས་རིག་པའི་ངོ་བོ་ཉིད། ཕྱི་ནང་མ་སྒྲིབ་ཟང་ཐལ་འོད་ཀྱི་སྐུ། གསལ་སྒྲིབ་ཕྱོགས་རིས་བྲལ་བའི་བློ་ཐག་ཆོད། མཐོ་སྟེ་ཚངས་པའི་ལྷ་གནས་མན་ཆད་དང་། དམའ་སྟེ་དམྱལ་བའི་གདར་སོ་ཡན་ཆད་ཀྱང་། རིག་སྟོང་སྒྲིབ་བྲལ་སྟོང་པའི་ངང་དུ་ཤར། ཕྱི་སྣོད་འཇིག་རྟེན་ལྷ་ཡི་གཞལ་ཡས་ཁང་། ནང་བཅུད་སེམས་ཅན་ལྷ་དང་ལྷ་མོའི་སྐུ། འགྱུ་དྲན་འཁྲུལ་རྟོགས་(རྟོག)་མཉམ་ཉིད་འོད་གསལ་ངང་། ཕྱི་ནང་བོན་རྣམས་ཉག་མ་གཅིག་ཏུ་གྲོལ། དེ་ལྟར་རང་གིས་རང་རིག་ངོ་བོ་སྐྱོང་། སྐྱོང་བྱ་སྐྱོང་བྱེད་བྲལ་བའི་ངང་ལས་སུ། གཉུག་མ་འོད་གསལ་དགོངས་པའི་དང་མདངས་གསལ། བདེ་བ་ཉམས་མྱོང་དགའ་བ་དཔག་ཏུ་མེད། འཁྲུལ་བྲལ་སྟོང་པའི་ངང་ལ་འདི་ལྟར་ཤར། གསང་ཆེན་དཔའ་བོ་ཞིང་ཁམས་ལམ་མེར་གསལ། གསང་ཆེན་ཞིང་དང་དཔའ་བོ་མཇལ་ཚུལ་སོགས། རྒྱས་པར་ལུང་བསྟན་སྙིང་རྒྱའི་ནང་དུ་ལྟོས། གསང་བའི་ལུང་བསྟན་སྙིང་གི་རྒྱ་ཅན་དང་། སྒྲུབ་ཐབས་སྒྲུབ་པའི་ལས་ཚོགས་འགའ་རེ་སོགས། རིག་འཛིན་མཁའ་འགྲོའི་དངོས་གྲུབ་ཤུགས་ལས་བྱུང*། གདམས་ངག་ཟབ་མོ་རྟག་ཏུ་ཡིད་ལ་དྲན། ཡི་གེར་མ་བྲིས་སྙིང་གི་གུར་དུ་སྦས། ཕྱིས་སུ་རྟེན་འབྲེལ་ལེགས་པའི་བརྡའ་ཤར་སྐབས། སྟོང་རྒྱུང་སྤྲུལ་པ་མེ་གསས་རྣམ་རོལ་གར། རྒྱལ་ཀུན་འདུས་གཙོ་གསང་བ་སྔགས་ཀྱི་བདག་སྙིགས་དུས་སྔགས་འཆང་གཡུང་དྲུང་བསྟན་གྲགས་ཞེས། གསང་བའི་མཚན་ནི་གར་དབང་བདུད་འདུལ་རྩལ། རྒོད་རྗེ་རྒྱ་ཡི་གདུང་གྲོལ་དེ་ཉིད་དང*། སྐྱེ་བ་སྔོན་དང་ད་ལྟའི་ཐ་ཚིག་ཅན། སྙིང་གི་ཟེའུ་འབྲུར་རོལ་པའི་གཡུང་དྲུང་སྤུན། མཁས་པའི་ནོར་ལ་དབང་བའི་དགེ་རྒན་པ། ལྡོངརིགས་བཙུན་པ་ཤེས་རབ་ཕུན་ཚོགས་ཀྱིས། སྒྲུབ་ཐབས་སྒྲུབ་པའི་ཆ་ལག་ལས་ཚོགས་སོགས། བགྱིས་དགོས་བཀའ་གསུང་ཡང་ཡང་བསྐུར་(བསྐུལ)་བའི་ངོར། གྱྀན་ལྡོག་མ་ནུས་བཀའ་གསུང་སྤྱི་བོར་བླངས། རྒྱ་བོན་རིགས་གྲོལ་སྡོམ་བརྩོན་ཐཱ་ཤར་(ཤལ)་བ། གསང་བདག་གསང་འདུས་བྱིན་རླབས་སྤྲུལ་པའི་སྲས། འགྲོ་ལ་དཔལ་ཤར་ཚེ་དབང་རིག་འཛིན་རྗེ། དེ་ཡི་རྗེས་འབྲིང་ཚེ་དབང་བདེ་ཆེན་སྙིང་། གསང་བའི་མིང་ནི་དྲུང་མུ་ཐོགས་མེད་རྩལ། སྙིགས་དུས་སྡོམ་པ་གསུམ་གྱི་རྗེས་འབྲིང་པ། གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་ཞེས། དབང་གི་རྒྱལ་པོར་འབོད་པ་བདག་གིས་བྲིས། སྔོན་ཚེ་རིག་འཛིན་ཆེན་པོའི་བྱིན་རླབས་གནས། སངས་རྒྱས་སྐུ་ཚབས་ཇོ་བོ་ཤཀྱའི་གཡས། བོད་ཡུལ་རུ་བཞི་ལྕགས་པོ་རི་ཡི་གཡོན། ལྷ་གདན་རྒྱལ་ཁབ་ལྷ་ས་ར་མོ་ཆེར། བདེ་གསལ་ངང་ནས་སུག་བྲིས་བགྱིས་ཤིང་སྤེལ། འདི་བྲིས་ཉེས་ལྟང་འགལ་བ་ཅི་མཆིས་པ། རིག་འཛིན་མཁའ་འགྲོ་ལྷ་དང་བླ་མར་བཤགས། དམ་མེད་རུ་ཏྲའི་ལག་ཏུ་མ་ཤོར་བའི། མ་སྲིང་མཁའ་འགྲོས་བཀའི་བྱ་ར་གྱིས། མཁས་འདོད་རུ་ཏྲ་དུག་ཚེར་བློ་ཅན་ལ། ཟུར་ཙམ་མ་བསྟན་སྙིང་དཀྱིལ་ཨུ་ཡ་ཐཱ། ས་མ་ཡ་རྒྱ་རྒྱ་རྒྱ་དང་པོ་གདམས་པ་ཆིག་རྒྱུད་རྒྱ་བར་དུ་བཀའ་གྲོལ་འགྲོ་དོན་རྒྱ་ཐ་མ་དམ་ལྡན་སློབ་བུའི་རྒྱ་རྒྱ་གསུམ་དམ་ལྡན་ཀུན་གྱིས་ཀྱང་། སྙིང་གི་དཀྱིལ་དུ་སྦོས་ཤིང་སྤྱོད། འགྲོ་དོན་འགྲུབ་པ་ཐེ་ཚོམ་མེད། དེ་ཕྱིར་ལས་ཅན་ཀུན་གྱིས་སྤྱོད། འགྲོ་བ་ཀུན་ལ་ཕན་ཐོག་ཤོག། rig 'dzin chen po stong rgyung mthu chen gyi/ sgrub thabs zad med rgya mtsho'i gting zab las/ drag sgrub gnam lcags thogs 'bebs zhes bya ba/ bla ma'i ming thob drung mu thogs med rtsal/ gong ma'i gdan sa shar grol smin gling du/ mtshan bcas ma sbyong mtshan med gzhi rtsa chod/ nyon mongs grol 'khrul lhan skyes byang chub sems/ 'khor 'das 'ub chub kaH dag lhun gyis grub/ thams cad ro gcig gyur pa'i sems nyid la/ bltas kyang gnyug ma ma bltas du re ba/ lta bya lta byed gcig shes kun tu grol/ ye nas stong zhing bdag med mi dmigs mtha' dang bral/ shar grol dus mnyam rol rtsal 'gag med zer/ sna tshogs 'gyu ba'i dran rtogs 'gyu 'gyu bun/ yengs med rig pa'i so pas tser gyis zin/ dal tsam gnas lugs rig pa'i ngo bo nyid/ phyi nang ma sgrib zang thal 'od kyi sku/ gsal sgrib phyogs ris bral ba'i blo thag chod/ mtho ste tshangs pa'i lha gnas man chad dang / dma' ste dmyal ba'i gdar so yan chad kyang / rig stong sgrib bral stong pa'i ngang du shar/ phyi snod 'jig rten lha yi gzhal yas khang / nang bcud sems can lha dang lha mo'i sku/ 'gyu dran 'khrul rtogs (rtog) mnyam nyid 'od gsal ngang / phyi nang bon rnams nyag ma gcig tu grol/ de ltar rang gis rang rig ngo bo skyong / skyong bya skyong byed bral ba'i ngang las su/ gnyug ma 'od gsal dgongs pa'i dang mdangs gsal/ bde ba nyams myong dga' ba dpag tu med/ 'khrul bral stong pa'i ngang la 'di ltar shar/ gsang chen dpa' bo zhing khams lam mer gsal/ gsang chen zhing dang dpa' bo mjal tshul sogs/ rgyas par lung bstan snying rgya'i nang du ltos/ gsang ba'i lung bstan snying gi rgya can dang / sgrub thabs sgrub pa'i las tshogs 'ga' re sogs/ rig 'dzin mkha' 'gro'i dngos grub shugs las byung*/ gdams ngag zab mo rtag tu yid la dran/ yi ger ma bris snying gi gur du sbas/ phyis su rten 'brel legs pa'i brda' shar skabs/ stong rgyung sprul pa me gsas rnam rol gar/ rgyal kun 'dus gtso gsang ba sngags kyi bdag snyigs dus sngags 'chang g.yung drung bstan grags zhes/ gsang ba'i mtshan ni gar dbang bdud 'dul rtsal/ rgod rje rgya yi gdung grol de nyid dang*/ skye ba sngon dang da lta'i tha tshig can/ snying gi ze'u 'brur rol pa'i g.yung drung spun/ mkhas pa'i nor la dbang ba'i dge rgan pa/ ldongarigs btsun pa shes rab phun tshogs kyis/ sgrub thabs sgrub pa'i cha lag las tshogs sogs/ bgyis dgos bka' gsung yang yang bskur (bskul) ba'i ngor/ gy-in ldog ma nus bka' gsung spyi bor blangs/ rgya bon rigs grol sdom brtson thA shar (shal) ba/ gsang bdag gsang 'dus byin rlabs sprul pa'i sras/ 'gro la dpal shar tshe dbang rig 'dzin rje/ de yi rjes 'bring tshe dbang bde chen snying / gsang ba'i ming ni drung mu thogs med rtsal/ snyigs dus sdom pa gsum gyi rjes 'bring pa/ g.yung drung grags pa bstan pa'i rgyal mtshan zhes/ dbang gi rgyal por 'bod pa bdag gis bris/ sngon tshe rig 'dzin chen po'i byin rlabs gnas/ sangs rgyas sku tshabs jo bo shakya'i g.yas/ bod yul ru bzhi lcags po ri yi g.yon/ lha gdan rgyal khab lha sa ra mo cher/ bde gsal ngang nas sug bris bgyis shing spel/ 'di bris nyes ltang 'gal ba ci mchis pa/ rig 'dzin mkha' 'gro lha dang bla mar bshags/ dam med ru tra'i lag tu ma shor ba'i/ ma sring mkha' 'gros bka'i bya ra gyis/ mkhas 'dod ru tra dug tsher blo can la/ zur tsam ma bstan snying dkyil u ya thA/ sa ma ya rgya rgya rgya dang po gdams pa chig rgyud rgya bar du bka' grol 'gro don rgya tha ma dam ldan slob bu'i rgya rgya gsum dam ldan kun gyis kyang / snying gi dkyil du sbos shing spyod/ 'gro don 'grub pa the tshom med/ de phyir las can kun gyis spyod/ 'gro ba kun la phan thog shog/