རྩ་གསུམ་བདེར་གཤེགས་འདུས་པའི་ཞི་བ་གསུང་གི་སྒྲུབ་པ་འདོད་འབྱུང་ནོར་འཕྲེང་སྣང་བ་རྒྱན་གྱི་ཡིད་འཕྲོག rtsa gsum bder gshegs 'dus pa'i zhi ba gsung gi sgrub pa 'dod 'byung nor 'phreng snang ba rgyan gyi yid 'phrog
རྩ་གསུམ་བདེར་གཤེགས་འདུས་པའི་ཞི་བ་གསུང་གི་སྒྲུབ་པ་འདོད་འབྱུང་ནོར་འཕྲེང་སྣང་བ་རྒྱན་གྱི་ཡིད་འཕྲོག rtsa gsum bder gshegs 'dus pa'i zhi ba gsung gi sgrub pa 'dod 'byung nor 'phreng snang ba rgyan gyi yid 'phrog Bkt
Bkt255.6
རྩ་གསུམ་བདེར་གཤེགས་འདུས་པའི་ཞི་བ་གསུང་གི་སྒྲུབ་པ་འདོད་འབྱུང་ནོར་འཕྲེང་སྣང་བ་རྒྱན་གྱི་ཡིད་འཕྲོག rtsa gsum bder gshegs 'dus pa'i zhi ba gsung gi sgrub pa 'dod 'byung nor 'phreng snang ba rgyan gyi yid 'phrog
Location
set MW30498: volume stong rgyung sgrub skor las nor sgrub sogs - folios 1a1-51b2
Colophon ཅེས་རྩ་གསུམ་བདེར་གཤེགས་འདུས་པའི་གསང་སྒྲུབ། ལམ་རྫོགས་སྐུ་རུ་གྲོལ་བའི་གདམས་པ་ཟབ་མོ་འདི་ཉིད། མཁས་པའི་ནོར་ལ་དབང་ཞིང་ཤེས་རབ་ཀྱི་སྣང་བ་མངོན་པར་མཐོ་བའི་དགེ་རྒན་ཤེས་རབ་ཕུན་ཚོགས་ཀྱིས། རིན་ཆེན་གཉིས་པའི་འཁོར་ལོ་ལ་རྟེན་འབྲེལ་རྟགས་ཀྱི་རི་མོ་བཀྲ་བ་དང་། ལྷ་རྫས་དྲི་མེད་ཀྱིས་མཚམས་སྦྱར་ནས་རིང་པོའི་དུས་ནས་བསྐུལ་པ་དང་། ཕྱིས་སུ་རང་གམ་དུ་གནས་པའི་བཙུན་ཆུང་གཡུང་དྲུང་ཕུན་ཚོགས་ཀྱིས། ཚད་མེད་སྙིང་རྗེའི་བློས་བསུས་ཤིང་། བསླབ་གསུམ་ཡིད་ཀྱིས་རྟ་ཕོས་ཉེ་བར་དྲངས་ནས་ཚེ་གོས་དཀར་པོ་དྲི་མེད་ཡུག་རིང་དང*། ལྷ་རྫས་གངས་རིའི་མདངས་འཕྲོའི་སྣ་དྲངས་བསྐུལ་བ་དང*། ཉེ་བར་སྔགས་འཆང་རིན་ཆེན་ཕུན་ཚོགས་ཀྱིས་སྤྲོ་བའི་གཟིངས་བསྟོད་ནས་བསྐུལ་བ་ལ་བརྟེན་ནས། རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི་མངོན་ཞལ་ཡང་ཡང་མཇལ་བའི་ཁོ་བོ་སྙིགས་མ་ལྔ་བདོའི་དུས་སུ་འགྲོ་ལ་དཔལ་དུ་ཤར་བ་གསང་འདུས་རྣམ་རོལ་རིག་འཛིན་མུ་ལ་སྒྲོན་གསལ་གྱི་རོལ་གར་མངོན་པར་སྣང་བའི་ཚེ་དབང་བདེ་ཆེན་སྙིང་པོ་འམ། དབྱིངས་ཀྱི་གསང་མཚན་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་གིས་ལྷ་མཆོག་གང་དེ་སྒྲབ་པའི་ཐུན་འཚམས་སུ། རིག་འཛིན་དཔོན་(གསས)་ཆེན་པོའི་ཞལ་ལུང་བཞིན་དུ་ཤར་གྲོལ་སྨིན་གླིང་དུ་ཡི་གེར་བཏབ་པའོ། དགེ་དེས་དིག་ལྐུགས་ངག་གིས་འགག་འཛེར་ཐམས་ཅད་རང་སར་གྲོལ་ནས། ཚངས་དབྱངས་དྲུག་ཅུའི་སྒྲ་ལ་རང་དབང་ཐོབ་ཅིང་། མཁྱེན་པའི་ཡེ་ཤེས་བརྒྱད་ཁྲི་བཞི་སྟོང་ལ་ཕུལ་དུ་ཕྱིན་པའི་རྒྱུར་གྱུར་ཅིག། ces rtsa gsum bder gshegs 'dus pa'i gsang sgrub/ lam rdzogs sku ru grol ba'i gdams pa zab mo 'di nyid/ mkhas pa'i nor la dbang zhing shes rab kyi snang ba mngon par mtho ba'i dge rgan shes rab phun tshogs kyis/ rin chen gnyis pa'i 'khor lo la rten 'brel rtags kyi ri mo bkra ba dang / lha rdzas dri med kyis mtshams sbyar nas ring po'i dus nas bskul pa dang / phyis su rang gam du gnas pa'i btsun chung g.yung drung phun tshogs kyis/ tshad med snying rje'i blos bsus shing / bslab gsum yid kyis rta phos nye bar drangs nas tshe gos dkar po dri med yug ring dang*/ lha rdzas gangs ri'i mdangs 'phro'i sna drangs bskul ba dang*/ nye bar sngags 'chang rin chen phun tshogs kyis spro ba'i gzings bstod nas bskul ba la brten nas/ rig 'dzin stong rgyung mthu chen gyi mngon zhal yang yang mjal ba'i kho bo snyigs ma lnga bdo'i dus su 'gro la dpal du shar ba gsang 'dus rnam rol rig 'dzin mu la sgron gsal gyi rol gar mngon par snang ba'i tshe dbang bde chen snying po 'am/ dbyings kyi gsang mtshan g.yung drung thogs med rtsal du 'bod pa bdag gis lha mchog gang de sgrab pa'i thun 'tshams su/ rig 'dzin dpon (gsas) chen po'i zhal lung bzhin du shar grol smin gling du yi ger btab pa'o/ dge des dig lkugs ngag gis 'gag 'dzer thams cad rang sar grol nas/ tshangs dbyangs drug cu'i sgra la rang dbang thob cing / mkhyen pa'i ye shes brgyad khri bzhi stong la phul du phyin pa'i rgyur gyur cig/