Catalog entry rKTs-B8130
རྩ་གསུམ་བདེར་གཤེགས་འདུས་པའི་རྒྱས་པ་ནོར་གྱི་སྒྲུབ་པ་འདོད་རྒུའི་ཆར་འབེབས
rtsa gsum bder gshegs 'dus pa'i rgyas pa nor gyi sgrub pa 'dod rgu'i char 'bebs




Bkt255.1

རྩ་གསུམ་བདེར་གཤེགས་འདུས་པའི་རྒྱས་པ་ནོར་གྱི་སྒྲུབ་པ་འདོད་རྒུའི་ཆར་འབེབས
rtsa gsum bder gshegs 'dus pa'i rgyas pa nor gyi sgrub pa 'dod rgu'i char 'bebs


Location
set MW30498: volume stong rgyung sgrub skor las nor sgrub sogs - folios 1a1-9b7

Colophon
དེ་ལྟར་རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱི། སྒྲུབ་ཐབས་ཟད་མེད་རྒྱ་མཚོ་གཏིང་ཟབ་ལས། འགྲོ་ཀུན་དབུལ་འཕོང་གི་སྡུག་བསྔལ་སེལ་ཅིང་། ཟད་མེད་གཏེར་གྱི་དངོས་གྲུབ་ཐོབ་པའི་ཕྱིར་དུ། ནོར་སྒྲབ་འདོད་དགུའི་ཆར་འབེབས་ཞེས་བྱ་བ་འདི་ཉིད། མེ་གསས་རྣམ་རོལ་གར་དབང་བདུད་འདུལ་རྩལ་དང་། སྙིང་གི་གྲོགས་པོ་དགེ་རྒན་ཤེས་རབ་ཕུན་ཚོགས་གཉིས་གྱིས་ཡང་ནས་ཡང་དུ་བསྐུལ་བ་ལ་བསྟན་(བརྟེན)་ནས། སྙིགས་དུས་ཀྱི་སྐབས་སུ་བབ་པའི་ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་མིང་ནི། གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་བདག་གིས་ལྷ་ལྡན་རྒྱལ་ཁབ་སུ་(ཏུ)་ཡི་གེར་བཏབ་ཅིང་སྤེལ་ཞིང་བརྒྱུད་པའོ། འདི་བྲིས་ཉེས་ཚོགས་འགལ་བའི་རིགས་གྱུར་ཚེ། མཁྱེན་ལྡན་རིག་འཛིན་ཆེན་པོའི་སྤྱན་སྔར་བཤགས། དམ་ཚིག་སྟང་འཛིན་ལེགས་ཉེས་བྱ་ར་མཁན། དམ་ཅན་བོན་སྐྱོང་སྲུང་མས་གྲོགས་གྱིས་ཤིག་ཅི་འདོད་ལོངས་སྤྱོད་དངོས་གྲུབ་སྟེར་བའི་བདག་གནོད་སྦྱིན་ནོར་ལྷ་དཔལ་དང་མགོན་པོས་སྐྱོངས། འགྲོ་ཀུན་དབུལ་འཕོང་དུ་ཁས་གདུང་བ་རྣམས། ཟད་མེད་གཏེར་ལ་རྒྱུན་དུ་སྤྱོད་པར་ཤོག་སྲིད་མཚོར་གདུང་བའི་འགྲོ་བ། མ་གྱུར་ནམ་མཁའ་ཁྱབ་ཚད། བདེ་ཆེན་བོན་སྐུའི་ཞིང་དུ། གཉིས་མེད་མཉམ་པར་གྱུར་ཅིག།
de ltar rig 'dzin stong rgyung mthu chen gyi/ sgrub thabs zad med rgya mtsho gting zab las/ 'gro kun dbul 'phong gi sdug bsngal sel cing / zad med gter gyi dngos grub thob pa'i phyir du/ nor sgrab 'dod dgu'i char 'bebs zhes bya ba 'di nyid/ me gsas rnam rol gar dbang bdud 'dul rtsal dang / snying gi grogs po dge rgan shes rab phun tshogs gnyis gyis yang nas yang du bskul ba la bstan (brten) nas/ snyigs dus kyi skabs su bab pa'i tshe dbang bde chen snying po'am/ gsang ba'i ming ni/ g.yung drung thogs med rtsal du 'bod pa bdag gis lha ldan rgyal khab su (tu) yi ger btab cing spel zhing brgyud pa'o/ 'di bris nyes tshogs 'gal ba'i rigs gyur tshe/ mkhyen ldan rig 'dzin chen po'i spyan sngar bshags/ dam tshig stang 'dzin legs nyes bya ra mkhan/ dam can bon skyong srung mas grogs gyis shig ci 'dod longs spyod dngos grub ster ba'i bdag gnod sbyin nor lha dpal dang mgon pos skyongs/ 'gro kun dbul 'phong du khas gdung ba rnams/ zad med gter la rgyun du spyod par shog srid mtshor gdung ba'i 'gro ba/ ma gyur nam mkha' khyab tshad/ bde chen bon sku'i zhing du/ gnyis med mnyam par gyur cig/


Additional miscellaneous Collections

Mongolian Canon


source rKTs &