set MW30498: volume tshe dbang dzA this stod cha - folios 1a1-127a6
Colophon དེ་ལྟར་འཆི་མེད་རིག་འཛིན་ཆེན་པོའི་བཀའ། ཕྱི་རབས་སེམས་ཅན་རྣམས་ཀྱི་དོན་དུ་མཛད། མཁན་པོ་གཡུང་དྲུང་གསལ་འབར་ལ་སོགས་ཏེ། གྲུབ་ཐོབ་རིག་འཛིན་རྣམས་ཀྱིས་གཉེར་དུ་བཞེས། བར་དུ་བོན་ཆོས་ཉི་ཟླ་འཆར་ནུབ་སྐབས། ལོ་ཙ་ཆེན་པོ་ཀན་འཇགས་ཐང་ཏ་དང་། བྲམ་ཟེ་ས་ར་ཧ་པ་ལ་སོགས་ཏེ། གྲུབ་ཐོབ་རིག་འཛིན་ཕོ་མོ་དུ་མ་ཡིས། ལོ་ཙ་མཁས་པའི་བརྡ་རིས་བྲིས་ནས་སུ། ཞང་ཞུང་སྒོ་མོ་ཤེལ་ལེ་རྫོང་དྲུག་གི་བྱང་ནུབ་ཟངས་བྲག་དམར་པོའི་གནས་མཆོག་ཏུ། ཙི་ཏ་འདྲ་བའི་བྲག་ལ་གཏེར་དུ་སྦས། གཏེར་སྲུང་སྒྲ་བླའི་རྒྱལ་མོ་ལ་སོགས་ཏེ། གནས་སྐྱོངས་དམ་ཅན་རྣམས་ལ་གཉེར་དུ་གཏད། ཕྱིས་སུ་རྟེན་འབྲེལ་ཕུན་ཚོགས་ལྔ་ཤར་ཚེ། ངེས་མེད་སྤྲུལ་སྐུ་གཅིག་གིས་རྙེད་པར་ཤོག་ཞེས་གསུངས་སྨོན་ལམ་བཅས་ཏེ་གཏེར་དུ་སྦས། ས་མ་ཡ། རྒྱ་རྒྱ་རྒྱ།། ཕྱིས་སུ་བདག་འདྲ་གཤེན་སྤྲལ་ཀུན་མཁྱེན་ཐུགས་རྗེ་ཉི་མས་ཕུག་ལེབ་འོ་མ་སྟག་རྩེའི་གནས་མཆོག་ཏུ་མ་རྒྱུད་གསང་མཆོག་མཐར་ཐུགས་ཀྱི་ཚོགས་འཁོར་ལན་མང་ཕུལ་བའི་སྐབས། ནུབ་གཅིག་སྨིན་(རྨི)་ལམ་ལ། མདུན་གྱི་ནམ་མཁའ་ལ། རིག་འཛིན་ཤིན་ཏུ་བགྲེས་ཚུལ་དབུ་སྐྲ་དང་སྨང་(སྨ)་ར་དཀར་སེང་ངེ་བ་ཞིག་གིས་འདི་སྐད་གསུངས་སོ། འོ་ལས་འཕྲོ་ལྡན་པའི་བླ་མ་གསོན། འཆི་མེད་རིག་འཛིན་བསྒྲུབས་(སྒྲུབ)་ཐབས་ཞིག་ཟངས་རི་བྲག་ལ་སྦས་ནས་ཡོད། ད་ལྟའི་རྟེན་འབྲེལ་ཕུན་འཚོགས་དུས། ཟབ་མོ་གཏེར་གྱི་བསྐལ་(སྐལ)་པ་དབང་། བཏང་བཞག་ཚོད་ལ་མཁས་པར་གྱིས། ཞེས་གསུངས་ཏེ་སྣང་ཆ་དེ་ཡལ་སང་ངོ་(སངས)་སོ། དེ་ལྟ་བུའི་རྨིན་(རྨི)་ལམ་ལ། རེ་དོགས་གང་ཡང་མ་བྱས་ཀྱང་། སླར་ཚོགས་བརྒྱ་ཐོན་མཚམས་འཕྲལ་དུ། རིག་(རིགས)་མ་བསྐལ་(སྐལ)་བཟང་ལྷ་མོ་དང་། གྲོགས་མཐུན་བདེ་ཆེན་དཔལ་སྒྲོན་སོགས། གྲཝ་འཁོར་མང་པོ་བཅས་ཆབས་གཅིག་སྐོར་བ་ལ་ཕེབས་སྐབས། བར་ལམ་འོ་མའི་ཆུ་མིག་ལ་རྟེན་ཁྲུས་གསོལ་བའི་མཚམས་དེར། མདུན་གྱི་ནམ་མཁའ་ནས། བུད་མེད་གཡུ་ཡི་རལ་པ་ཅན་ཞིག་གིས་འདི་སྐད་གསུངས། འཆི་མེད་རིག་འཛིན་ཆེན་པོ་ཡི། སྒྲབ་ཐབས་ལ་ཆའི་སྒྲོམ་བུ་ཞིག་བྲག་དམར་ཙི་ཏ་འདྲ་བ་ཡི། གཡོན་ཕྱོགས་དཀར་དམར་མཚམས་ལ་ཡོད། ད་ལྟ་ལས་འཕྲོ་ཁྱོད་ལ་དབང་། ལོ་གསུམ་བཀའ་རྒྱ་དམ་དུ་གཟོབས། དེ་མཚམས་འགྲོ་ལ་སྤེལ་བར་གྱིས། ཞེས་གསུངས་པའི་སྣང་བ་ཤར། བྲག་དམར་ཙི་ཏ་འདྲ་བ་གར་ཡོད་གྲོགས་རྣམས་ལ་དྲིས་པས། འདི་ཕྱོགས་ལ་ཡོད་ཟེར་བའི་ཆ་རྒྱུས་བྱེད་མཁན་དང་ཆབས་ཅིག་དེ་ཕྱོགས་ལ། ཕེབས་པའི་བྲག་དམར་ཙི་ཏ་འདྲ་བའི་ངོས་ནས། ཟབ་མོ་གཏེར་གྱི་དངོས་གྲུབ་ཁྲོམ་གཏེར་དུ་རྙེད་སྟེ་(དེ)། སྨན་དྲི་བཟང་པོས་ཡོངས་སུ་འཐུལ་བས། ཀུན་གྱིས་ངོ་མཚར་སྐྱེས་པའོ། སླར་ལོ་གསུམ་བཀའ་རྒྱ་གྲོལ་མཚམས་རྒར་(སྒར)་རྫོངས་(རྫོང)་དཔོན་རྗེ་སྲས་བཅས་ལྷན་ན་(ནས)་ལྷ་རྫས་དྲི་བྲལ་གྱི་མཚམས་སྦྱར་ནས། ཨུ་ནན་གྱི་ཕབ་དགོས་ཞུ་བ་དང*། མ་ཟད་སེམས་དཔའ་ཡོངས་ཀྱི་ཁྱུ་མཆོག་སྨོན་སྲས་ནམ་མཁའ་གྲགས་པ་རིན་པོ་ཆེ་ནས། ཁྱེད་ལ་འཆི་མེད་རིག་འཛིན་རྣམ་གསུམ་བཀའ་གཏེར་གང་ཡོད་སྤེལ་དགོས་གསུངས་པའི་གནང་བ་ཡང་ཡང་ཐོབ་པ་དང་། ལྷག་པར་ཉེ་གནས་དགེ་སློང་ཤེས་གྲགས་དང་། གྲཝ་བཙུན་ཡེ་ཚུལ་རྟོགས་ལྡན་རྒྱལ་བསྟན། ལས་དབང་དོན་འགྲུབ་ཕུན་འཚོགས་(ཚོགས)་དབང་རྒྱལ། བློ་བཟང་མཁས་བཙུན་སོགས་ནས་ཡང་ནན་བསྐུལ་ངོར། བཀྲ་ཤིས་ལྷ་སྟེང་གནས་སུ་ཤོག་སེར་བོད་ཡིག་དུ་(ཏུ)་ཕབ་པའོ།། de ltar 'chi med rig 'dzin chen po'i bka'/ phyi rabs sems can rnams kyi don du mdzad/ mkhan po g.yung drung gsal 'bar la sogs te/ grub thob rig 'dzin rnams kyis gnyer du bzhes/ bar du bon chos nyi zla 'char nub skabs/ lo tsa chen po kan 'jags thang ta dang / bram ze sa ra ha pa la sogs te/ grub thob rig 'dzin pho mo du ma yis/ lo tsa mkhas pa'i brda ris bris nas su/ zhang zhung sgo mo shel le rdzong drug gi byang nub zangs brag dmar po'i gnas mchog tu/ tsi ta 'dra ba'i brag la gter du sbas/ gter srung sgra bla'i rgyal mo la sogs te/ gnas skyongs dam can rnams la gnyer du gtad/ phyis su rten 'brel phun tshogs lnga shar tshe/ nges med sprul sku gcig gis rnyed par shog zhes gsungs smon lam bcas te gter du sbas/ sa ma ya/ rgya rgya rgya// phyis su bdag 'dra gshen spral kun mkhyen thugs rje nyi mas phug leb 'o ma stag rtse'i gnas mchog tu ma rgyud gsang mchog mthar thugs kyi tshogs 'khor lan mang phul ba'i skabs/ nub gcig smin (rmi) lam la/ mdun gyi nam mkha' la/ rig 'dzin shin tu bgres tshul dbu skra dang smang (sma) ra dkar seng nge ba zhig gis 'di skad gsungs so/ 'o las 'phro ldan pa'i bla ma gson/ 'chi med rig 'dzin bsgrubs (sgrub) thabs zhig zangs ri brag la sbas nas yod/ da lta'i rten 'brel phun 'tshogs dus/ zab mo gter gyi bskal (skal) pa dbang / btang bzhag tshod la mkhas par gyis/ zhes gsungs te snang cha de yal sang ngo (sangs) so/ de lta bu'i rmin (rmi) lam la/ re dogs gang yang ma byas kyang / slar tshogs brgya thon mtshams 'phral du/ rig (rigs) ma bskal (skal) bzang lha mo dang / grogs mthun bde chen dpal sgron sogs/ grwa 'khor mang po bcas chabs gcig skor ba la phebs skabs/ bar lam 'o ma'i chu mig la rten khrus gsol ba'i mtshams der/ mdun gyi nam mkha' nas/ bud med g.yu yi ral pa can zhig gis 'di skad gsungs/ 'chi med rig 'dzin chen po yi/ sgrab thabs la cha'i sgrom bu zhig brag dmar tsi ta 'dra ba yi/ g.yon phyogs dkar dmar mtshams la yod/ da lta las 'phro khyod la dbang / lo gsum bka' rgya dam du gzobs/ de mtshams 'gro la spel bar gyis/ zhes gsungs pa'i snang ba shar/ brag dmar tsi ta 'dra ba gar yod grogs rnams la dris pas/ 'di phyogs la yod zer ba'i cha rgyus byed mkhan dang chabs cig de phyogs la/ phebs pa'i brag dmar tsi ta 'dra ba'i ngos nas/ zab mo gter gyi dngos grub khrom gter du rnyed ste (de)/ sman dri bzang pos yongs su 'thul bas/ kun gyis ngo mtshar skyes pa'o/ slar lo gsum bka' rgya grol mtshams rgar (sgar) rdzongs (rdzong) dpon rje sras bcas lhan na (nas) lha rdzas dri bral gyi mtshams sbyar nas/ u nan gyi phab dgos zhu ba dang*/ ma zad sems dpa' yongs kyi khyu mchog smon sras nam mkha' grags pa rin po che nas/ khyed la 'chi med rig 'dzin rnam gsum bka' gter gang yod spel dgos gsungs pa'i gnang ba yang yang thob pa dang / lhag par nye gnas dge slong shes grags dang / grwa btsun ye tshul rtogs ldan rgyal bstan/ las dbang don 'grub phun 'tshogs (tshogs) dbang rgyal/ blo bzang mkhas btsun sogs nas yang nan bskul ngor/ bkra shis lha steng gnas su shog ser bod yig du (tu) phab pa'o//