Colophon བདག་འདྲ་འགྱུར་(ཀྱུ)ར་རིན་ཆེན་གྱིས། ཉམས་དགའ་རི་ལ་འདུག་པའི་དུས། ནུབ་གཅིག་ཐོ་རངས་རྨི་ལམ་ལ། མཁར་སྒང་གི་ཐང་ལ་མཚོན་ཆ་དང་ཚེར་ཆེན་གྱིས་(གྱི)་ཚལ་ཆེན་པོ་གཅིག་ལ་འཕྱིན་བཙམ་(ཕྱིན་ཙམ)་ན། རོགས་མང་པོ་བདའ་བས། ངི་རིག་ཚོ་འདི་ལ་རྩལ་སྦྱོང་ཟེར་ནས། ཁོང་ཚོ་མཚོན་ཆ་དང་ཚེར་ཆེན་གྱིས་(གྱི)་རྩེ་མོ་ལ་འགྲོ་ཞིང་མཆོང་བརྒྱུག་(རྒྱུགས)་ཀུན་བྱེད་དོ། ཁོང་ཚོ་མོ་གོ་ལ་ཉམས་ང་མེད་པར་སྣང་ངོ་། ངེས་(ངས)་རགཀྱང་མ་ནུས་པར་ཚ་བ་དང་བཟེར་(གཟེར)་བ་སྔངས་པ་འབྱུང་(བྱུང)་བས། བྲོས་སྣང་ལ་གཉིད་བོར་ནས་སྐྱི་ཤ་ཟིང་ཞིང་ཡ་ང་བས། གསོལ་འདེབས་མང་དུ་བྱས་པས། སྐད་ཅིག་ལ་མུན་ནག་དེའི་ནང་དུ། ཕྱི་ནང་གང་ཡང་གསལ་ཞིང་། འོད་ཀྱིས་(ཀྱི)་ཡི་གེ་བཀྲའ་ལམ་མེ་བ་གཅིག་ཤར་ནས་བྱུང་། ངས་བཏོན་ཛ་ན། རྨ་རི་པོམ་རའི་གསང་འགུལ་(མགུལ)་ནས་དུག་ལྔ་བདུད་འཇོམས་ཀྱིས་(ཀྱི)་གསང་སྔགས་ཡོད། བསྐལ་(སྐལ)་ལྡན་ཁྱོད་ཀྱི་བོན་སྐལ་ཡིན། འ་འུར་ལོང་(ལོངས)་ལ་བཟུང་མཐུབ་(ཐུབ)་པར་མཛོད་ཟེར་པ་(ནས)་མི་སྣང་ངོ་། མནོའ་བསམ་གཅིག་(ཅིག)བཏང་བས་ངས་གཏེར་མི་ཐོན་སྟེ་(ཏེ)་། བཞན་(གཞན)་གཅིག་གིས་བཏོན་ནས་ང་ལ་བཞིན་(སྤྲད)་པ་ཨེ་ཡིན་བསམ། གནས་ཕུན་གསུམ་(སུམ)་འཚོགས་པའི་ཟུར་ཁང་ནང*། གཏེར་གྱི་ཞལ་ཕྱེ་(ཕྱེས)་པའོ།། བཀྲ་ཤིས་པར་གྱུར་ཅིག། bdag 'dra 'gyur (kyu)ra rin chen gyis/ nyams dga' ri la 'dug pa'i dus/ nub gcig tho rangs rmi lam la/ mkhar sgang gi thang la mtshon cha dang tsher chen gyis (gyi) tshal chen po gcig la 'phyin btsam (phyin tsam) na/ rogs mang po bda' bas/ ngi rig tsho 'di la rtsal sbyong zer nas/ khong tsho mtshon cha dang tsher chen gyis (gyi) rtse mo la 'gro zhing mchong brgyug (rgyugs) kun byed do/ khong tsho mo go la nyams nga med par snang ngo / nges (ngas) ragakyang ma nus par tsha ba dang bzer (gzer) ba sngangs pa 'byung (byung) bas/ bros snang la gnyid bor nas skyi sha zing zhing ya nga bas/ gsol 'debs mang du byas pas/ skad cig la mun nag de'i nang du/ phyi nang gang yang gsal zhing / 'od kyis (kyi) yi ge bkra' lam me ba gcig shar nas byung / ngas bton dza na/ rma ri pom ra'i gsang 'gul (mgul) nas dug lnga bdud 'joms kyis (kyi) gsang sngags yod/ bskal (skal) ldan khyod kyi bon skal yin/ 'a 'ur long (longs) la bzung mthub (thub) par mdzod zer pa (nas) mi snang ngo / mno' bsam gcig (cig)btang bas ngas gter mi thon ste (te) / bzhan (gzhan) gcig gis bton nas nga la bzhin (sprad) pa e yin bsam/ gnas phun gsum (sum) 'tshogs pa'i zur khang nang*/ gter gyi zhal phye (phyes) pa'o// bkra shis par gyur cig/