set MW30498: volume tshe dbang dzA this kyi srung zlog skor gyi gsung pod - folios 1a1-46b4
Colophon དེ་ལྟར་རྐྱེན་ངན་བཟློག་(ཟློག)་པའི་བྱང་བུ་འདི། ཕྱི་རབས་དོན་དུ་ཚེ་དབང་བདག་ཉིད་ཀྱི་ཐུགས་བཅུད་ཕྱུང་སྟེ་ལས་ལྡན་གཤེན་ལ་རྒྱུད་(བརྒྱུད།)བཀའ་འདི་བོན་ཆོས་ཉི་ཟླ་འཆར་ནུབ་སྐབས། ལོ་པན་དྷ་རིས་བཀོད་སྟེ་(དེ)་བོད་ཡུལ་ཕྱོགས། ཞང་ཞུང་སྒོ་མོ་རྩེ་དྲུག་ལྷུན་སྒང་རྫོང་གི། བྱང་ནུབ་ཟངས་བྲག་རི་ལ་གཏེར་དུ་སྦས། ཕྱིས་སུ་ངེས་མེད་སྤྲུལ་སྐུ་གཤེད་བཞི་ལོས། ཟབ་མོ་གཏེར་གྱི་དབང་སྐལ་རྙེད་པར་ཤོག་ཞེས་(ཅེས)་གསུངས་སྟང་ཆེན་ལ་སོགས་གྲུབ་པའི་གཤེན། རིག་འཛིན་དུ་མས་ཐུགས་ལ་གཅེས་པར་བཟུང་(ཟུངས།)ཤོག་སེར་དྷ་རིས་བཀོད་ནས་རིན་ཆེན་བྲག་ལ་སྦས། བཀའ་སྲུང་རྣམས་ལ་མ་གཡེལ་བཀའ་དམ་བགོས། ཇི་བཞིན་ཐུགས་བསྐྱེད་སྨོན་ལམ་ཟབ་མོ་གདབ།། ཕྱིས་སུ་སྔོན་གྱི་སྨོན་ལམ་དབང་གི་ལས་དང་རྟེན་འབྲེལ་འཚོགས་ཏེ། བདག་འདྲ་གཤེན་སྤྲལ་ཐུགས་རྗེ་ཉི་མས་ཟངས་བྲག་རིན་ཆེན་འབར་བའི་མདུན་ཞོལ་ཙི་ཏ་འདྲ་བའི་ངོས་ནས་སྨན་དྲི་བཟང་ཐུལ་ལེར། ཟབ་མོ་ཁྲོམ་གཏེར་དུ་སྤྱན་དྲངས་ཏེ། ལོ་མང་བཀའ་རྒྱ་སྡོམ་བསྡོམས།)སླར་མི་དབང་ཧོར་སྲས་རིན་པོ་ཆེ་སོགས་། ལས་ལྡན་དུ་མས་ཐུགས་བཞེད་བསྐང་ཕྱིར། བཀྲ་ཤིས་ལྷ་སྟེང་གནས་སུ་བོན་འཆད་པའི་ཐུན་འཛམས་(མཚམས)་སུ། ཤོག་སེར་བོད་ཡིག་དུ་ཕབ་པའོ།། de ltar rkyen ngan bzlog (zlog) pa'i byang bu 'di/ phyi rabs don du tshe dbang bdag nyid kyi thugs bcud phyung ste las ldan gshen la rgyud (brgyud/)bka' 'di bon chos nyi zla 'char nub skabs/ lo pan d+ha ris bkod ste (de) bod yul phyogs/ zhang zhung sgo mo rtse drug lhun sgang rdzong gi/ byang nub zangs brag ri la gter du sbas/ phyis su nges med sprul sku gshed bzhi los/ zab mo gter gyi dbang skal rnyed par shog zhes (ces) gsungs stang chen la sogs grub pa'i gshen/ rig 'dzin du mas thugs la gces par bzung (zungs/)shog ser d+ha ris bkod nas rin chen brag la sbas/ bka' srung rnams la ma g.yel bka' dam bgos/ ji bzhin thugs bskyed smon lam zab mo gdab// phyis su sngon gyi smon lam dbang gi las dang rten 'brel 'tshogs te/ bdag 'dra gshen spral thugs rje nyi mas zangs brag rin chen 'bar ba'i mdun zhol tsi ta 'dra ba'i ngos nas sman dri bzang thul ler/ zab mo khrom gter du spyan drangs te/ lo mang bka' rgya sdom bsdoms/)slar mi dbang hor sras rin po che sogs / las ldan du mas thugs bzhed bskang phyir/ bkra shis lha steng gnas su bon 'chad pa'i thun 'dzams (mtshams) su/ shog ser bod yig du phab pa'o//