Catalog entry rKTs-B8043
ཚེ་དབང་དྲག་འཁྲོས་ཀྱི་བྱད་ཟློག་མཚོན་ཆ་འཁོར་ལོ
tshe dbang drag 'khros kyi byad zlog mtshon cha 'khor lo




Bkt250.9

ཚེ་དབང་དྲག་འཁྲོས་ཀྱི་བྱད་བཟློག་མཚོན་ཆ་འཁོར་ལོ
tshe dbang drag 'khros kyi byad bzlog mtshon cha 'khor lo


Location
set MW30498: volume tshe dbang dzA this kyi srung zlog skor gyi gsung pod - folios 1a1-30b3

Colophon
དེ་ལྟར་བྱད་ཁ་བཟློག་(ཟློག)་པའི་མན་ངགའདི། ཕྱི་རབས་བསྟན་དང་འགྲོ་ལ་སྨན་པའི་ཕྱིར། ཚེ་དབང་བདག་གིས་ཐུགས་ཀྱི་བཅུད་ཕྱུང་སྟེ། མགུལ་གྱི་རྒྱུད་དྲངས་ལྗགས་ཀྱི་པད་མོར་བཀྲམ། ཚེམ་གྱི་འཕྲང་ཐོག་ལས་སྐལ་ལྡན་པ་ལ། གཉེར་གཏད་ལུང་གནང་དགོངས་པས་བྱིན་གྱིས་རློབས་(བརླབས།)སྐབས་ཞིག་(ཤིག)་བོན་ཆོས་ཉི་ཟླ་འཆར་ནུབ་དུས། སྟང་ཆེན་དམུ་ཚ་བྷེ་རོ་ཙ་ན་དང་། རྗེས་འབངས་ས་ར་དྷ་པ་ལ་སོགས་ཏེ། གྲུབ་པའི་གཤེན་གྱིས་བརྡའ་རིས་ལེགས་བཏབ་སྟེ། ཞང་ཞུང་སྒོ་མོ་ཤེལ་ལེ་རྫོང་དྲུག་གི། བྱང་ནུབ་ཟངས་མདོག་རིའི་གནས་ཚབ་ཆེ། ཟངས་བྲག་རིན་ཆེན་འབར་བའི་རི་བོ་ལ། གཏེར་སྦས་ཕྱིས་སུ་རྟེན་འབྲེལ་ལྔ་ཤར་ཚེ། ངེས་མེད་སྤྲུལ་སྐུ་གཤེད་བཞི་ལོ་པ་ཡི། ཟབ་མོ་གཏེར་དུ་རྙེད་པའི་སྨོན་ལམ་ཐོབ། གཏེར་སྲུང་མ་བཙན་རྣམས་ཀྱིས་བྱ་ར་གཟོབ་(གཟོབས།།)་ཕྱིས་སུ་བདག་འདྲ་གཤེན་སྤྲལ་ཐུགས་རྗེ་ཉི་མ། སྦས་དངོས་ཀྱི་གྲོགས་དང་བཅས། མཆེད་གྲོགས་གྲཝ་འགའ་ཆབ་(ཆབས)་གཅིག་ཕུག་ལེབ་འོ་མ་སྟག་རྩེར་མ་རྒྱུད་ཚོགས་འབྲེལ་ཡུལ་སའི་མཐའ་བསྐོར་བ་ལ་ཕེབས་པའི་སྐབས་དེར། བྲག་ཙི་ཏ་འདྲ་བའི་ངོས་ནས་སྨན་དྲི་བཟང་པོ་ཐུལ་བ་དང་བཅས་ཏེ། ཟབ་མོ་ཁྲོམ་གཏེར་དུ་སྤྱན་དྲངས་ཏེ། ལོ་མང་བཀའ་རྒྱ་བསྡོམས་ནས་གསང་བར་མཛད། སླར་རྟ་སྦྲུལ་ལོར། བརྟེན་(རྟེན)་འབྲེལ་སྒོ་བརྒྱ་འབྱེད་པའི་རིགས་བཟང་། ཧོར་སྲས་བསོད་ནམས་རྒྱལ་མཚན་རིན་པོ་ཆེ་དང*། གྲཝ་རྒྱལ་གཏན་(བསྟན)་གཡུང་དྲུང་འོད་ཟེར། ཡེ་ཚུལ་བློན་བྲ་བོ་སྐུ་མཆེད་སོགས། མཆེད་གྲོག་(གྲོགས)་དམ་པ་རྣམས་ནས་བསྐུལ་ངོར། གཡུ་བྲག་སེང་གེ་གནམ་རྫོང་ཡར་ཞོར། བཀྲ་ཤིས་ལྷ་སྟེང་གི་གནས་སུ་རྫོགས་ཆེན་གསང་བའི་བོན་སྡེ་འཆད་པའི་ཐུན་མཚམས་སུ། ཤོག་སེར་བོད་ཡིག་ཏུ་ཕབ་སྤེལ་བའོ།།
de ltar byad kha bzlog (zlog) pa'i man ngaga'adi/ phyi rabs bstan dang 'gro la sman pa'i phyir/ tshe dbang bdag gis thugs kyi bcud phyung ste/ mgul gyi rgyud drangs ljags kyi pad mor bkram/ tshem gyi 'phrang thog las skal ldan pa la/ gnyer gtad lung gnang dgongs pas byin gyis rlobs (brlabs/)skabs zhig (shig) bon chos nyi zla 'char nub dus/ stang chen dmu tsha b+he ro tsa na dang / rjes 'bangs sa ra d+ha pa la sogs te/ grub pa'i gshen gyis brda' ris legs btab ste/ zhang zhung sgo mo shel le rdzong drug gi/ byang nub zangs mdog ri'i gnas tshab che/ zangs brag rin chen 'bar ba'i ri bo la/ gter sbas phyis su rten 'brel lnga shar tshe/ nges med sprul sku gshed bzhi lo pa yi/ zab mo gter du rnyed pa'i smon lam thob/ gter srung ma btsan rnams kyis bya ra gzob (gzobs//) phyis su bdag 'dra gshen spral thugs rje nyi ma/ sbas dngos kyi grogs dang bcas/ mched grogs grwa 'ga' chab (chabs) gcig phug leb 'o ma stag rtser ma rgyud tshogs 'brel yul sa'i mtha' bskor ba la phebs pa'i skabs der/ brag tsi ta 'dra ba'i ngos nas sman dri bzang po thul ba dang bcas te/ zab mo khrom gter du spyan drangs te/ lo mang bka' rgya bsdoms nas gsang bar mdzad/ slar rta sbrul lor/ brten (rten) 'brel sgo brgya 'byed pa'i rigs bzang / hor sras bsod nams rgyal mtshan rin po che dang*/ grwa rgyal gtan (bstan) g.yung drung 'od zer/ ye tshul blon bra bo sku mched sogs/ mched grog (grogs) dam pa rnams nas bskul ngor/ g.yu brag seng ge gnam rdzong yar zhor/ bkra shis lha steng gi gnas su rdzogs chen gsang ba'i bon sde 'chad pa'i thun mtshams su/ shog ser bod yig tu phab spel ba'o//


Additional miscellaneous Collections

Mongolian Canon


source rKTs &