རྩ་གསུམ་བདེ་གཤེགས་འདུས་པའི་རྒྱུད་ལས་གསང་བའི་མན་ངག་གཅོད་གདམས་རིན་ཆེན་འཕྲེང་བ་ཞེས་གསང་རྒྱ་ཉེར་གཅིག rtsa gsum bde gshegs 'dus pa'i rgyud las gsang ba'i man ngag gcod gdams rin chen 'phreng ba zhes gsang rgya nyer gcig
རྩ་གསུམ་བདེ་གཤེགས་འདུས་པའི་རྒྱུད་ལས་གསང་བའི་མན་ངག་གཅོད་གདམས་རིན་ཆེན་འཕྲེང་བ་ཞེས་གསང་རྒྱ་ཉེར་གཅིག rtsa gsum bde gshegs 'dus pa'i rgyud las gsang ba'i man ngag gcod gdams rin chen 'phreng ba zhes gsang rgya nyer gcig Bkt
Bkt249.21
རྩ་གསུམ་བདེ་གཤེགས་འདུས་པའི་རྒྱུད་ལས་གསང་བའི་མན་ངག་གཅོད་གདམས་རིན་ཆེན་འཕྲེང་བ་ཞེས་གསང་རྒྱ་ཉེར་གཅིག rtsa gsum bde gshegs 'dus pa'i rgyud las gsang ba'i man ngag gcod gdams rin chen 'phreng ba zhes gsang rgya nyer gcig
Location
set MW30498: volume stong rgyung sgrub skor las bsad pa lus sbyin sogs kyi skor - folios 1a1-45b4
Colophon ཅེས་པའི་གདམས་པ་ཟབ་མོ་གཅོད་ཀྱི་དམིགས་པ་གང་ལ་གང་དགོས་འདི་ཉིད་ཀུན་ལ་གསང་ཞིང་སྤྱོད་པར་བྱའོ། ཞེས་དུས་མཐའི་མི་རྣམས་སྤྱོད་པ་རང་རྒྱལ་དུ་སོང་གཤིས། གདམས་པ་འདི་ཉིད་སྤེལ་ན་གཟུ་ལུམ་ར་ཆོད་དུ་འགྲོ་བར་སེམས་ཀྱང་། 7སྟོང་རྒྱུང་རོལ་གར་གར་དབང་བདུད་འདུལ་སྙིང་པོ་དང*། བོན་སྒོ་འདི་ཉིད་ཀྱི་མཛོད་ལ་དབང་ཞིང་སྐྱེ་བ་མང་པོ་ནས་ཡང་ཡང་འབྲེལ་བའི་སྙིང་གྲོགས་ཤེས་རབ་ཕུན་ཚོགས་གཉིས་ནས་བཀའ་གསུང་ཡང་ཡང་དུ་བསྐུལ་བ་དང་། ཕྱིས་སུ་རང་གམ་དུ་གནས་པའི་བཙུན་ཆུང་གཡུང་དྲུང་ཕུན་ཚོགས་ནས་དར་དཀར་གྱིས་སྣ་དྲངས་ནས་བསྐུལ་བ་དང་། སྔགས་འཆང་དཔལ་སྡིས་དང་། ཚུལ་ཁྲིམས་རྣམ་དག་གཉིས་ནས་ལེགས་པའི་སྣང་བས་བསུས་ཤིང་། གདམས་པ་འདི་ཉིད་དཀའ་ཐུབ་སྙིང་རུས་སྡུག་སྲན་གྱི་སྒོ་ནས་སྒོམ་སྒྲབ་སོགས་འབད་མེད་བྱེད་པའི་ཁས་ལེན་བྱས་པ་ལ་བརྟེན་ནས། སྙིགས་དུས་ཀྱི་སྐབས་སུ་བབ་པའི་ཁོ་བོ་བདེ་ཆེན་སྙིང་པོའི་གསང་བའི་མིང་ནི་གཡུང་དྲུང་ཐོགས་མེད་རྩལ་དུ་སྡོམ་གསུམ་རྗེས་འབྲེང་གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དུ་འབོད་པ་བདག་གིས། ཤ་འདྲ་ནོར་བུ་ལྷ་རྩེའི་མདུན་ཞོལ། ཤར་གྲོལ་སྨིན་གླིང་དུ་དགའ་བ་དང་པོའི་ཚེས་ལ་རིག་འཛིན་དཔའ་བོ་ཆེན་པོའི་ཞལ་ལུང་དངོས་སུ་ཐོབ་བཞིན་སྤེལ་ཞིང་བརྒྱུད་པའོ། ལྕགས་བྱ་ཟླ་བ་བཅུ་གཉིས་པའི་ཚེས་28་ལ་བཀའ་རྒྱ་གྲོལ་ནས་བྲིས་པའོ། ces pa'i gdams pa zab mo gcod kyi dmigs pa gang la gang dgos 'di nyid kun la gsang zhing spyod par bya'o/ zhes dus mtha'i mi rnams spyod pa rang rgyal du song gshis/ gdams pa 'di nyid spel na gzu lum ra chod du 'gro bar sems kyang / 7stong rgyung rol gar gar dbang bdud 'dul snying po dang*/ bon sgo 'di nyid kyi mdzod la dbang zhing skye ba mang po nas yang yang 'brel ba'i snying grogs shes rab phun tshogs gnyis nas bka' gsung yang yang du bskul ba dang / phyis su rang gam du gnas pa'i btsun chung g.yung drung phun tshogs nas dar dkar gyis sna drangs nas bskul ba dang / sngags 'chang dpal sdis dang / tshul khrims rnam dag gnyis nas legs pa'i snang bas bsus shing / gdams pa 'di nyid dka' thub snying rus sdug sran gyi sgo nas sgom sgrab sogs 'bad med byed pa'i khas len byas pa la brten nas/ snyigs dus kyi skabs su bab pa'i kho bo bde chen snying po'i gsang ba'i ming ni g.yung drung thogs med rtsal du sdom gsum rjes 'breng g.yung drung grags pa bstan pa'i rgyal mtshan du 'bod pa bdag gis/ sha 'dra nor bu lha rtse'i mdun zhol/ shar grol smin gling du dga' ba dang po'i tshes la rig 'dzin dpa' bo chen po'i zhal lung dngos su thob bzhin spel zhing brgyud pa'o/ lcags bya zla ba bcu gnyis pa'i tshes 28 la bka' rgya grol nas bris pa'o/