set MW30498: volume byams ma stod cha - folios 1a1-25b4
Colophon ཅེས་པའི་བྱམས་མ་ཀླུ་སྐྱོབས་ཀྱི་ཆོག་ཁྲིགས་གདུང་སེལ་བདུད་རྩིའི་རྒྱ་མཚོ་ཞེས་བྱ་བ་འདི་ནི། སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཁན་ཆེན་ཉི་མའི་དབང་པོ་ནས། དུས་མཐའི་སེམས་ཅན་རྣམས་ལ་ཀླུ་དང་སྡེ་བརྒྱད་སོགས་ཀྱིས་འཚེ་བ་ཆེ་བས་དེ་ཉིད་ལ་ཕན་པའི་ཐབས་དང་། ཀླུ་མཆོད་ཀྱི་ཡི་དམ་སྟབས་བདེར་ཤིན་ཏུ་བྱིན་རླབས་ཆེ་བ་ཡིན་པས། བྱམས་མ་ཀླུ་ཡི་འཇིགས་སྐྱོབས་མ་ཡི་ཆོག་ཁྲིགས་འདི་ཉིན་བསྒྲིགས་ཤིག་གསུངས་ནས། མགོ་མཇུག་གི་རྩོམ་ཆ་དང*། མངོན་རྟོགས་མདུན་བསྐྱེད་སོགས་མཛད་ནས་གནང་བྱུང་བས། བཀའ་ལེན་གྱེན་བཟློག་མ་ནུས་སྟབས། དེ་བཞིན་རབ་ཡིད་ཁྲག་སྐྱག་ཅེས་པ་ཆུ་མོ་ཕག་ལོའི་ཟླ་བ་དྲུག་པའི་ཚེས་གཅིག་རྒྱལ་དང་ཕུར་བའི་འགྲུབ་སྦྱོར་ཉིན། སྒོ་རིགས་ཀྱི་བླ་མིང་རྣམ་རྒྱལ་ཚུལ་ཁྲིམས་ཞེས་བྱ་བས། བྲུ་ཆེན་གོང་མའི་སྒྲུབ་གནས་བྱ་དུར་རྣམ་ཐོས་རི་ཁྲོད་དུ་བྲིས་པས། བསྟན་དང་སེམས་ཅན་རྣམས་ལ་ཕན་པའི་རྒྱུ་རུ་གྱུར་ཅིག། ces pa'i byams ma klu skyobs kyi chog khrigs gdung sel bdud rtsi'i rgya mtsho zhes bya ba 'di ni/ snyigs dus kyi rgyal ba gnyis pa mkhan chen nyi ma'i dbang po nas/ dus mtha'i sems can rnams la klu dang sde brgyad sogs kyis 'tshe ba che bas de nyid la phan pa'i thabs dang / klu mchod kyi yi dam stabs bder shin tu byin rlabs che ba yin pas/ byams ma klu yi 'jigs skyobs ma yi chog khrigs 'di nyin bsgrigs shig gsungs nas/ mgo mjug gi rtsom cha dang*/ mngon rtogs mdun bskyed sogs mdzad nas gnang byung bas/ bka' len gyen bzlog ma nus stabs/ de bzhin rab yid khrag skyag ces pa chu mo phag lo'i zla ba drug pa'i tshes gcig rgyal dang phur ba'i 'grub sbyor nyin/ sgo rigs kyi bla ming rnam rgyal tshul khrims zhes bya bas/ bru chen gong ma'i sgrub gnas bya dur rnam thos ri khrod du bris pas/ bstan dang sems can rnams la phan pa'i rgyu ru gyur cig/