set MW30498: volume byams ma stod cha - folios 1a1-29a2
Colophon ཞེས་པ་འདི་ནི་སྙིགས་དུས་ཀྱི་རྒྱལ་བ་གཉིས་པ་མཁས་གྲུབ་ཉི་མའི་དབང་པོ་མཆོག་གིས། གདུང་རྒྱུད་འགྲོ་དོན་བྱོན་པ་རྣམས་དང་དགེ་བའི་ལས་ལ་བརྩོན་པའི་རྒྱལ་པོ་སོགས་སྦྱིན་བདག་རྣམས་ལ་ཕན་པའི་རང་ལུགས་ཀྱི་བྱམས་མ་རིགས་སྐྱོབས་ཀྱི་གཞུང་ཆ་ལག་དང་བཅས་པ་བྲིས་ཤིག་ཅེས་པའི་བཀའ་ནན་ལྡོག་མེད་གནང་བཞིན། ཕྲན་སྐུ་རུས་ཀྱི་ནུ་བོར་གཏོགས་པའི་སྐམ་རིགས་ཀྱི་བླ་མིང་རྣམ་རྒྱལ་ཚུལ་ཁྲིམས་ཀྱིས་རང་ལོ་བཞི་བཅུ་ཞེ་གསུམ་པ། རབ་ཡིད་རྔ་ཆེན་ཞེས་པ་ཆུ་ཕོ་ཁྱིའི་ལོ་ཟླ་དགུ་པའི་ཡར་ཚེས་བཟང་པོར་བྲུ་ཆེན་གོང་མའི་སྒྲུབ་གནས་བྱ་དུར་རྣམ་ཐོས་རི་ཁྲོད་དུ་བྲིས་པས་བསྟན་དང་སེམས་ཅན་ལ་ཕན་པའི་རྒྱུར་གྱུར་ཅིག། zhes pa 'di ni snyigs dus kyi rgyal ba gnyis pa mkhas grub nyi ma'i dbang po mchog gis/ gdung rgyud 'gro don byon pa rnams dang dge ba'i las la brtson pa'i rgyal po sogs sbyin bdag rnams la phan pa'i rang lugs kyi byams ma rigs skyobs kyi gzhung cha lag dang bcas pa bris shig ces pa'i bka' nan ldog med gnang bzhin/ phran sku rus kyi nu bor gtogs pa'i skam rigs kyi bla ming rnam rgyal tshul khrims kyis rang lo bzhi bcu zhe gsum pa/ rab yid rnga chen zhes pa chu pho khyi'i lo zla dgu pa'i yar tshes bzang por bru chen gong ma'i sgrub gnas bya dur rnam thos ri khrod du bris pas bstan dang sems can la phan pa'i rgyur gyur cig/