གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས་བྱིན་རླབས་དབང་གི་རིམ་པ་ཡིད་བཞིན་ནོར་བུའི་གཏེར་ཆེན gsas mkhar gsang ba sgo dgu'i sgrub pa las byin rlabs dbang gi rim pa yid bzhin nor bu'i gter chen
གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས་བྱིན་རླབས་དབང་གི་རིམ་པ་ཡིད་བཞིན་ནོར་བུའི་གཏེར་ཆེན gsas mkhar gsang ba sgo dgu'i sgrub pa las byin rlabs dbang gi rim pa yid bzhin nor bu'i gter chen Bkt
Bkt238.29
གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས་བྱིན་རླབས་དབང་གི་རིམ་པ་ཡིད་བཞིན་ནོར་བུའི་གཏེར་ཆེན gsas mkhar gsang ba sgo dgu'i sgrub pa las byin rlabs dbang gi rim pa yid bzhin nor bu'i gter chen
Location
set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-36a7
Colophon ཅེས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། ཨ་དཀར་ཐེག་པ་ཆེན་པོའི་གྲོལ་ཕུག(ཕུགས)་གསས་མཁར་སྤྱི་དྲིལ་གསང་བ་སྒོ་དགུའི་སྒྲབ་པ་ལས། བྱིན་རླབས་དབང་གི་རིམ་པ་ཡིད་བཞིན་ནོར་བུའི་གཏེར་ཆེན་འདི་ཡང་། འཆི་མེད་ཡུམ་སྲས་གསུམ་གྱི་ལུང་དོན། གཤེན་ཆེན་གསང་བ་འདུས་པའི་ཐུགས་བཅུད། དབལ་གཤེན་སྟག་ལ་ཉིད་ཀྱིས་མཛད་སྲོལ། བླ་ཆེན་དྲན་པ་ནམ་མཁའི་བརྣག་པ། སྟང་ཆེན་དམུ་ཚ་གྱེར་མེད་ཀྱི་དམར་(སྨར)་བྱང་། མཁས་པ་དེ་ཡིས་བྱང་ཕྱོགས་གསང་བྲག་ལ་སྒྲབ་པ་སྙེམས་(བསྙེས)་ནས་ཤིན་ཏུ་ཟབ་པར་གཟིགས་ནས། བན་བཙུན་ཕྲག་དྭོགས་དབང་གིས་བོན་བསྣུབས་དུས། ལོ་ཙ་ཉིད་ཀྱིས་བཀའ་ནི་གསང་བའི་བྲག་རྒྱ་བོ་རུས་སྦལ་འགྱིང་བ་འདྲ་བ་ལ། བཀའ་རྟགས་མཚལ་གྱི་བརྡ་ཡིག་གི་(གིས)་རྒྱས་གདབ་ནས་ཟབ་མོ་གཏེར་དུ་སྦས། མན་ངག་འདི་སྟང་ཆེན་དམུ་ཚ་གྱེར་མེད་ཀྱི་ཐུགས་ལ་གབ་བོ། ཕྱིས་སུ་རྟེན་འབྲེལ་ལེགས་པའི་དབུ་བསྙེམས་དུས། སྐབས་སུ་བབ་པའི་ཁོ་བོ། སྟང་ཆེན་དམུ་ཚ་ཉིད་ཀྱི་བཀའ་ཡི་ཕོ་ཉ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཇུག་དུས་མཐའི་ཁོ་བོ་གཡུང་དྲུང་ཐོགས་མེད་བདག་ལ་དངོས་གྲུབ་ཏུ་གནང་བ་འདི་ཡང་། སྤྱང་འཕགས་དཔལ་ལྡན་བླ་མའི་བཀའ་གསུངས་ཕབ་པ་དང་། དད་ལྡན་གྲོགས་པོ་རྣམས་ཀྱིས་ཡང་ཡང་བསྐལ་བའི་ངོར། རྒོད་རྗེའི་རུས་ཐོབ་7ཚེ་དབང་བདེ་ཆེན་སྙིང་པོ་འབོད་པ་དེས་དབལ་ཆེན་ཕུར་པ་ནག་པོས་བྱིན་གྱིས་བརླབས་པའི་གནས་ཀྱི་མདུན་ཞོལ། བསྟན་པའི་མེ་རོ་སྤར་བའི་རླུང་གཡབ། བོན་གྱི་འདུས་སྡེ་ཆེན་པོ་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་བྲག་གི་ཀེའུ་ཚང་དུ། ལོ་དུས་ཀྱི་གསང་རྒྱ་ཡོལ་བ་དང་། བོན་བསྟན་སྤེལ་བའི་གནས་སུ་གྱུར་བས། སྟང་ཆེན་དམུ་ཚའི་ཞལ་ལུང་བཞིན་ཏུ་དཀར་ཆག་ཡི་གེ་རིས་སུ་བྲིས་པའོ། དགེ་དེས་འགྲོ་ཀུན་བླ་མེད་ས་ཐོབ་ཤོག། ces gsas mkhar rin po che spyi spungs kyi nang nas/ a dkar theg pa chen po'i grol phug(phugs) gsas mkhar spyi dril gsang ba sgo dgu'i sgrab pa las/ byin rlabs dbang gi rim pa yid bzhin nor bu'i gter chen 'di yang / 'chi med yum sras gsum gyi lung don/ gshen chen gsang ba 'dus pa'i thugs bcud/ dbal gshen stag la nyid kyis mdzad srol/ bla chen dran pa nam mkha'i brnag pa/ stang chen dmu tsha gyer med kyi dmar (smar) byang / mkhas pa de yis byang phyogs gsang brag la sgrab pa snyems (bsnyes) nas shin tu zab par gzigs nas/ ban btsun phrag dwogs dbang gis bon bsnubs dus/ lo tsa nyid kyis bka' ni gsang ba'i brag rgya bo rus sbal 'gying ba 'dra ba la/ bka' rtags mtshal gyi brda yig gi (gis) rgyas gdab nas zab mo gter du sbas/ man ngag 'di stang chen dmu tsha gyer med kyi thugs la gab bo/ phyis su rten 'brel legs pa'i dbu bsnyems dus/ skabs su bab pa'i kho bo/ stang chen dmu tsha nyid kyi bka' yi pho nya/ sprul sku blo ldan snying po'i rjes 'jug dus mtha'i kho bo g.yung drung thogs med bdag la dngos grub tu gnang ba 'di yang / spyang 'phags dpal ldan bla ma'i bka' gsungs phab pa dang / dad ldan grogs po rnams kyis yang yang bskal ba'i ngor/ rgod rje'i rus thob 7tshe dbang bde chen snying po 'bod pa des dbal chen phur pa nag pos byin gyis brlabs pa'i gnas kyi mdun zhol/ bstan pa'i me ro spar ba'i rlung g.yab/ bon gyi 'dus sde chen po dpal ldan nor bu gling gi ri khrod brag gi ke'u tshang du/ lo dus kyi gsang rgya yol ba dang / bon bstan spel ba'i gnas su gyur bas/ stang chen dmu tsha'i zhal lung bzhin tu dkar chag yi ge ris su bris pa'o/ dge des 'gro kun bla med sa thob shog/