Catalog entry rKTs-B7610
གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་གསང་བ་སྨན་གྱི་སྒྲུབ་ཐབས་གཡུང་དྲུང་འཁྱིལ་བ
gsas mkhar gsang ba sgo dgu'i sgrub pa gsang ba sman gyi sgrub thabs g.yung drung 'khyil ba




Bkt238.28

གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་གསང་བ་སྨན་གྱི་སྒྲུབ་ཐབས་གཡུང་དྲུང་འཁྱིལ་བ
gsas mkhar gsang ba sgo dgu'i sgrub pa gsang ba sman gyi sgrub thabs g.yung drung 'khyil ba


Location
set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-13b6

Colophon
ཅེས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་སྐོར་གསུམ་གྱི་ནང་ནས། ཨ་དཀར་ཐེག་པ་ཆེན་པོའི་གྲོལ་ཕུག(ཕུགས)་གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལ། གསང་བ་སྨན་གྱི་སྒྲུབ་ཐབས་གཡུང་དྲུང་ཟིལ་ཐིག་འདི་ཡང་། འཆི་མེད་གསང་འདུས་གཤེན་གྱི་ལུང་དོན། གཤེན་ཆེན་གསང་བ་འདུས་པའི་ཐུགས་བཅུད། དབལ་གཤེན་སྟག་ལ་ཉིད་ཀྱིས་མཛད་སྲོལ། བླ་ཆེན་དྲན་པ་ནམ་མཁའི་བརྣག་པ། སྟང་ཆེན་དམུ་ཚ་གྱེར་མེད་ཀྱི་དམར་(སྨར)་བྱང་། མཁས་པ་དེ་ཡིས་གསང་བའི་བྲག་ལ་གྲུབ་པ་བསྙེས་ནས། ཕྱིས་དུས་སུ་བན་བཙུན་ཕྲག་དྭོགས་དབང་གི(གིས)་བོན་བསྣུབས་ནས། བསྟན་པ་རིན་པོ་ཆེ་གཏེར་དུ་སྦས་ནས། དེ་དུས་མཁས་པ་དེ་ཉིད་ཀྱི་བྱང་ཕྱོགས་གསང་བའི་བྲག་རྒྱ་བོ་ལ་མི་འགྱུར་མཚལ་གྱི་བཀའ་རྟགས་བརྡ་ཡིག་གིས་རྒྱས་བཏབ་ནས་གཏེར་དུ་སྦས། མན་ངག་ནི་སྟང་ཆེན་གྱི་ཐུགས་ལ་གབ་བོ། ཅེས་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འབྲིང་། སྟང་ཆེན་དམུ་ཚའི་བཀའ་ཡི་ཕོ་ཉ། རྒོད་རྗེའི་རུས་ཐོབ་7གཡུང་དྲུང་ཐོགས་མེད་དུ་འབོད་པ་བདག་ལ། མཁྱེན་ལྡན་བླ་མའི་གསུང་གིས་བསྐུལ་བ་དང་། དད་ལྡན་གྲོགས་པོ་རྣམས་ཀྱིས་ཡང་ཡང་དུ་བསྐུལ་བའི་ངོར། དཔལ་གཤེན་བསྟན་ནོར་བུ་གླིང་གི་རི་ཁྲོད་དུ། དཀར་ཆག་ཡི་གེ་རིས་སུ་བྲིས་པའོ། འདི་བྲིས་ཉེས་འགལ་གྱུར་པ་ཅི་མཆིས་པ། མཁྱེན་ལྡན་བླ་མ་ཡི་དམ་མཁའ་འགྲོ་ལ། མཐོལ་བཤགས་བཟོད་གསོལ་འབུལ་ལོ་བཞེས་པར་མཛོད། དམ་ཅན་སྲུང་མའི་རྐོ་ལོང་ཞི་གྱུར་ཅིག་དགེ་ཚོགས་ཅི་མཆིས་མ་གྱུར་འགྲོ་ལ་བསྔོ། བླ་མེད་ཡང་དག་ཐར་པའི་ལམ་བགྲོད་ཤོག།
ces gsas mkhar rin po che spyi spungs skor gsum gyi nang nas/ a dkar theg pa chen po'i grol phug(phugs) gsas mkhar gsang ba sgo dgu'i sgrub pa la/ gsang ba sman gyi sgrub thabs g.yung drung zil thig 'di yang / 'chi med gsang 'dus gshen gyi lung don/ gshen chen gsang ba 'dus pa'i thugs bcud/ dbal gshen stag la nyid kyis mdzad srol/ bla chen dran pa nam mkha'i brnag pa/ stang chen dmu tsha gyer med kyi dmar (smar) byang / mkhas pa de yis gsang ba'i brag la grub pa bsnyes nas/ phyis dus su ban btsun phrag dwogs dbang gi(gis) bon bsnubs nas/ bstan pa rin po che gter du sbas nas/ de dus mkhas pa de nyid kyi byang phyogs gsang ba'i brag rgya bo la mi 'gyur mtshal gyi bka' rtags brda yig gis rgyas btab nas gter du sbas/ man ngag ni stang chen gyi thugs la gab bo/ ces sprul sku blo ldan snying po'i rjes 'bring / stang chen dmu tsha'i bka' yi pho nya/ rgod rje'i rus thob 7g.yung drung thogs med du 'bod pa bdag la/ mkhyen ldan bla ma'i gsung gis bskul ba dang / dad ldan grogs po rnams kyis yang yang du bskul ba'i ngor/ dpal gshen bstan nor bu gling gi ri khrod du/ dkar chag yi ge ris su bris pa'o/ 'di bris nyes 'gal gyur pa ci mchis pa/ mkhyen ldan bla ma yi dam mkha' 'gro la/ mthol bshags bzod gsol 'bul lo bzhes par mdzod/ dam can srung ma'i rko long zhi gyur cig dge tshogs ci mchis ma gyur 'gro la bsngo/ bla med yang dag thar pa'i lam bgrod shog/


Additional miscellaneous Collections

Mongolian Canon


source rKTs &