Catalog entry rKTs-B7606
གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས་མི་ཤིག་སྲུང་བའི་འཕྱོང་ཆེན་གུར་རྫོང་ཆེན་མོ
gsas mkhar gsang ba sgo dgu'i sgrub pa las mi shig srung ba'i 'phyong chen gur rdzong chen mo




Bkt238.24

གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས་མི་ཤིག་སྲུང་བའི་འཕྱོང་ཆེན་གུར་རྫོང་ཆེན་མོ
gsas mkhar gsang ba sgo dgu'i sgrub pa las mi shig srung ba'i 'phyong chen gur rdzong chen mo


Location
set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-32a6

Colophon
ཅེས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། ཨ་དཀར་ཐེག་པ་ཆེན་པོའི་གྲོལ་ཕུག(ཕུགས)་གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས། ལས་ཀྱི་མཐའ་སྒྱུར་མི་ཤིག་སྲུང་བའི་འཕྱོང་ཆེན་སྲུང་བའི་གུར་རྫོང་ཆེན་མོ་འདི་ཡང་། གསས་མཁར་སྒོ་དགུ་འདུས་པའི་ཡང་བཅུད། འདྀ་མེད་ཡུམ་སྲས་གསུམ་གྱི་ལུང་དོན། གཤེན་ཆེན་གསང་བ་འདུས་པའི་ཐུགས་བཅུད། དབལ་གཤེན་སྟག་ལ་ཉིད་ཀྱིས་མཛད་སྲོལ། བླ་ཆེན་དྲན་པ་ནམ་མཁའི་བརྣགས་པ། སྟང་ཆེན་དམུ་ཚ་གྱེར་མེད་ཀྱི་དམར་(སྨར)་བྱང་། མཁས་པ་དེ་ཉིད་ཀྱིས་བྱང་ཕྱོགས་གསང་བའི་བྲག་ལ་གྲུབ་པ་བསྙེམས་ཀྱང་། ཕྱིས་སུ་སེམས་ཅན་ལས་འཕྲོ་ཞན་ཅིང་། བན་བཙུན་ཕྲག་དྭོགས་དབང་གིས་བོན་རྣམས་བསྣབས་ནས། བཀའ་རྣམས་ཟབ་མོ་གཏེར་དུ་གཤེགས་ཏེ། དེ་དུས་མཁས་པ་སྟང་ཆེན་གྱིས་བོན་འདི་ཤིན་ཏུ་ཟབ་པར་དགོངས་ནས། བཀའ་གཏེར་གཉིས་སུ་ཕྱེས་ཏེ། གཏེར་ནི་གསང་བའི་བྲག་རྒྱ་བོ་རུས་སྦལ་གྱེན་ལ་འགྱིང་བ་འདྲ་བ་ལ་བཀའ་རྟགས་མཚལ་གྱི་གཡུང་དྲུང་དང་། བརྡའ་ཡིག་གིས་རྒྱས་བཏབ་ནས་སྦས་སོ། མན་ངག་འདི་མཁས་པ་དམུ་ཚ་གྱེར་མེད་ཀྱི་ཐུགས་ལ་གབ་བོ། ཕྱིས་སུ་རྟེན་འབྲེལ་སྐབས་སུ་བབས་པའི་ཁོ་བོ་བདག་ལ་དངོས་གྲུབ་དུ་བབ་པའི་གསས་མཁར་གསང་བའི་སྒྲུབ་པ་འདི་ཡང་། དཔལ་ལྡན་བླ་མའི་བཀའ་གསུངས་ཕབ་པ་དང་། དད་ལྡན་གྲོགས་པོ་རྣམས་ཀྱིས་ཡང་ཡང་བསྐུལ་བའི་ངོར། དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་དུ། ལོ་དུས་ཀྱི་གསང་རྒྱ་ཡོལ་ནས། བསྟན་པ་བཞག་པའི་གནས་སུ་སྣང་ཕྱིར་དུ། སྟང་ཆེན་དམུ་ཚའི་ཞལ་ལུང་བཞིན་དུ། རྒོད་རྗེའི་རུས་འཐོབ་7ཚེ་དབང་བདེ་ཆེན་སྙིང་པོའམ། གསང་མིང་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པ་དེས་དཀར་ཆག་ཡི་གེ་བྲིས་པའོ། འདི་བྲིས་འགལ་འཁྲུལ་ཉེས་སྐྱོན་ཅི་མཆིས་པ། གསས་མཁར་གསང་བའི་ལྷ་ལ་མཐོལ་ལོ་བཤགས་། དམ་ཅན་སྤར་མའི་ཚོགས་ལ་བཟོད་པར་གསོལ། དགེ་བས་འགྲོ་ཀུན་རིག་འཛིན་ས་ཐོབ་ཤོག།
ces gsas mkhar rin po che spyi spungs kyi nang nas/ a dkar theg pa chen po'i grol phug(phugs) gsas mkhar gsang ba sgo dgu'i sgrub pa las/ las kyi mtha' sgyur mi shig srung ba'i 'phyong chen srung ba'i gur rdzong chen mo 'di yang / gsas mkhar sgo dgu 'dus pa'i yang bcud/ 'd-i med yum sras gsum gyi lung don/ gshen chen gsang ba 'dus pa'i thugs bcud/ dbal gshen stag la nyid kyis mdzad srol/ bla chen dran pa nam mkha'i brnags pa/ stang chen dmu tsha gyer med kyi dmar (smar) byang / mkhas pa de nyid kyis byang phyogs gsang ba'i brag la grub pa bsnyems kyang / phyis su sems can las 'phro zhan cing / ban btsun phrag dwogs dbang gis bon rnams bsnabs nas/ bka' rnams zab mo gter du gshegs te/ de dus mkhas pa stang chen gyis bon 'di shin tu zab par dgongs nas/ bka' gter gnyis su phyes te/ gter ni gsang ba'i brag rgya bo rus sbal gyen la 'gying ba 'dra ba la bka' rtags mtshal gyi g.yung drung dang / brda' yig gis rgyas btab nas sbas so/ man ngag 'di mkhas pa dmu tsha gyer med kyi thugs la gab bo/ phyis su rten 'brel skabs su babs pa'i kho bo bdag la dngos grub du bab pa'i gsas mkhar gsang ba'i sgrub pa 'di yang / dpal ldan bla ma'i bka' gsungs phab pa dang / dad ldan grogs po rnams kyis yang yang bskul ba'i ngor/ dpal ldan nor bu gling gi ri khrod du/ lo dus kyi gsang rgya yol nas/ bstan pa bzhag pa'i gnas su snang phyir du/ stang chen dmu tsha'i zhal lung bzhin du/ rgod rje'i rus 'thob 7tshe dbang bde chen snying po'am/ gsang ming g.yung drung thogs med rtsal du 'bod pa des dkar chag yi ge bris pa'o/ 'di bris 'gal 'khrul nyes skyon ci mchis pa/ gsas mkhar gsang ba'i lha la mthol lo bshags / dam can spar ma'i tshogs la bzod par gsol/ dge bas 'gro kun rig 'dzin sa thob shog/


Additional miscellaneous Collections

Mongolian Canon


source rKTs &