མཆོག་གསུམ་གསང་བའི་མདེལ་ཁ་ལས་མདོས་ཀྱི་སྤྱི་འཕྱོང་གཡུང་དྲུང་བཀོད་པ mchog gsum gsang ba'i mdel kha las mdos kyi spyi 'phyong g.yung drung bkod pa
མཆོག་གསུམ་གསང་བའི་མདེལ་ཁ་ལས་མདོས་ཀྱི་སྤྱི་འཕྱོང་གཡུང་དྲུང་བཀོད་པ mchog gsum gsang ba'i mdel kha las mdos kyi spyi 'phyong g.yung drung bkod pa Bkt
Bkt238.13
མཆོག་གསུམ་གསང་བའི་མདེལ་ཁ་ལས་མདོས་ཀྱི་སྤྱི་འཕྱོང་གཡུང་དྲུང་བཀོད་པ mchog gsum gsang ba'i mdel kha las mdos kyi spyi 'phyong g.yung drung bkod pa
Location
set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-35a2
Colophon འདི་ནི་བླ་ཆེན་དྲན་པ་ཡིས། ཐུགས་ཀྱི་མན་ངག་བཅུད་ཕྱུང་ཅིང*། གཡུང་དྲུང་བོན་གྱི་ཡང་བཅུད་བསྡུས། སྐོང་མདོས་བཟློག་(ཟློག)་མདོས་བསད་མདོས་སོགས། མདོས་རིགས་ཡོངས་ལ་མཁོ་བའི་བོན། མདོས་འཕྱོང་གཡུང་དྲུང་བཀོད་པ་འདི། ཟབ་པ་ཐེགས་(ཐེག)་ཆེན་གདམས་པ་འདྲ། འཚོགས་པ་རིན་ཆེན་གཏེར་གླིང་འདྲ། འཕང་བ་ཡིད་བཞིན་ནོར་བུ་འདྲ། གཅེས་པ་དཔྲལ་བའི་མིག་དང་འདྲ། བཀའ་རྒྱ་སྟང་ཆེན་ཁྱེད་ལ་གཏད། མི་འཆོལ་གསང་དམ་ཐུབ་པར་གྱིས། ཨུ་རྒྱན་འགྲོ་དོན་དུས་བབ་ཚེ། མཁའ་འགྲོ་འོད་ལྡན་འབར་མ་ལ། ཟག་མེད་དགོངས་པ་བརྡ་ཡིས་བརྒྱུད། མ་འོང་རྩོད་ལྡན་བསྐལ་པ་ལ། གསང་འདུས་ཧྲིས་པ་པད་འབྱུང་དང*། ང་ཡི་སྐུ་གསུང་ཐུགས་སྤྲུལ་ལ། གཡུང་དྲུང་ཐོག་(ཐོགས)་མེད་ཞེས་བྱ་བ། སྨེ་བའི་ག་ཤ་ཡོད་པ་འབྱུང་། དེ་ལ་བོན་འདི་འཕྲོད་བར་གྱིས། དེ་དུས་བར་ཆོད་བྱེད་པ་རྣམས། ལྷ་སྲིན་དྲེགས་པས་གསོལ་ཟས་གྱིས། ཞེས་པའི་བཀའ་བསྒོ་དང་བཅས་ནས། སྟང་ཆེན་ཉིད་ལ་ཞལ་གྱིས་གདམས། དམུ་ཚས་མཁའ་འགྲོར་དགོངས་པས་བརྒྱུད། དེ་ནས་ཆུ་ཡོས་ཟླ་8་ཚེས་ལ། ངེས་མེད་རྣལ་འབྱོར་བདག་(ལ)་བརྒྱུད། བཅོ་(བཅོ)་བརྒྱད་ལོ་ཡི་བཀའ་རྒྱ་དེ། གྲོལ་ནས་འབྲི་བའི་དུས་བབ་ཚེ། ཞིག་མཆོག་བླ་མའི་བཀའ་གནང་ངོར། ཀུན་དགའི་མིང་གི་(གིས)་ཡི་གེར་ཕབ། ཉེས་འགལ་མཆིས་ན་ལྷ་ལ་བཤགས། ལེགས་ལམ་ཟབ་གསང་བོན་ཡིན་ན། འདི་ལ་ཡ་ག་བྱེད་པ་རྣམས། ལྷ་སྲིན་དྲེགས་པའི་ཚོགས་ཀྱི་བསྒྲོལ་(ཀྱིས་སྒྲོལ)འདི་ལ་མོས་ཤིང་བརྩོན་པ་རྣམས། དགའ་བདེ་། ཕུན་སུམ་འཚོགས་(འཚོག)་པ་དང་། གང་བསམ་ཡིད་བཞིན་འགྲུབ་པར་ཤོག། 'di ni bla chen dran pa yis/ thugs kyi man ngag bcud phyung cing*/ g.yung drung bon gyi yang bcud bsdus/ skong mdos bzlog (zlog) mdos bsad mdos sogs/ mdos rigs yongs la mkho ba'i bon/ mdos 'phyong g.yung drung bkod pa 'di/ zab pa thegs (theg) chen gdams pa 'dra/ 'tshogs pa rin chen gter gling 'dra/ 'phang ba yid bzhin nor bu 'dra/ gces pa dpral ba'i mig dang 'dra/ bka' rgya stang chen khyed la gtad/ mi 'chol gsang dam thub par gyis/ u rgyan 'gro don dus bab tshe/ mkha' 'gro 'od ldan 'bar ma la/ zag med dgongs pa brda yis brgyud/ ma 'ong rtsod ldan bskal pa la/ gsang 'dus hris pa pad 'byung dang*/ nga yi sku gsung thugs sprul la/ g.yung drung thog (thogs) med zhes bya ba/ sme ba'i ga sha yod pa 'byung / de la bon 'di 'phrod bar gyis/ de dus bar chod byed pa rnams/ lha srin dregs pas gsol zas gyis/ zhes pa'i bka' bsgo dang bcas nas/ stang chen nyid la zhal gyis gdams/ dmu tshas mkha' 'gror dgongs pas brgyud/ de nas chu yos zla 8 tshes la/ nges med rnal 'byor bdag (la) brgyud/ bco (bco) brgyad lo yi bka' rgya de/ grol nas 'bri ba'i dus bab tshe/ zhig mchog bla ma'i bka' gnang ngor/ kun dga'i ming gi (gis) yi ger phab/ nyes 'gal mchis na lha la bshags/ legs lam zab gsang bon yin na/ 'di la ya ga byed pa rnams/ lha srin dregs pa'i tshogs kyi bsgrol (kyis sgrol)'di la mos shing brtson pa rnams/ dga' bde / phun sum 'tshogs ('tshog) pa dang / gang bsam yid bzhin 'grub par shog/