Catalog entry rKTs-B7591
བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་སྒྲུབ་སྣང་སྲིད་དབང་སྒྱུར
bstan srung dam can rgya mtsho'i thugs sgrub snang srid dbang sgyur




Bkt238.8

བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་སྒྲུབ་སྣང་སྲིད་དབང་སྒྱུར
bstan srung dam can rgya mtsho'i thugs sgrub snang srid dbang sgyur


Location
set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-21a7

Colophon
ཅེས་གསས་མཁར་གསང་བ་སྔགས་ཀྱི་ཆ་ལག་ལས་ཀྱི་མཐའ་བསྡུ་གསང་བའི་མན་ངག་སངས་རྒྱས་བསྟན་པ་སྲུང་བའི་ཕྱག་ཆ། བསྟན་དགྲ་རྩད་ནས་གཅོད་པའི་མདེའུ། འཆི་མེད་གསང་འདུས་གཤེན་གྱི་ལུང་དོན། དབལ་གཤེན་སྟག་ལ་ཉིད་ཀྱི་མཛད་སྲོལ། བླ་ཆེན་དྲན་པ་ནམ་མཁའི་བརྣགས་པ། སྟང་ཆེན་དམུ་ཚ་ཉིད་ཀྱི་སྨར་བྱང་། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་སྒྲུབ་སྣང་སྲིད་དབང་བསྒྱུར་ངོ་མཚར་ལམ་གྱི་རིམ་པ་འདི་ཡང་། དྲིན་ཅན་བླ་མའི་བཀའ་གསུང་ཕབ་པ་དང་། དད་ལྡན་གྲོགས་པོ་རྣམས་ཀྱིས་ཡང་ཡང་བསྐུལ་བ་དང*། མ་ཟད་རིགས་མཐུན་གྱི་གྲོགས་པོ་དྲང་སྲོང་དབང་འདུས་དང་སྟག་རྒོད་བཙུན་པ་བསྟན་འཛིན་ཕུན་ཚོགས་ཟུང་གིས་དར་དཀར་ལྷ་རྫས་དང་རིན་ཆེན་གཉིས་པའི་འཁོར་ལོ། རྟེན་འབྲེལ་ལེགས་མཚོན་གྱིས་སྣ་དྲངས་ཏེ་བསྐུལ་བ་ལ་བརྟེན་ནས། མཁས་པ་དམུ་ཚ་གྱེར་མེད་ཀྱི་བཀའ་ཡི་ཕོ་ཉ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཇུག་ངེས་མེད་ཁོ་བོ་བདག་ནི་དབྱིངས་ཀྱི་ཡུམ་ཆེན་བྱ་ར་མ་གསུམ་གྱི་གྲོགས་བགྱིས་ནས། རྩེ་དྲུག་ལྷུན་སྒང་སྤྱི་སྤུངས་སྒྲུབ་པའི་གནས་སུ་ཕྱིན་ནས། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་བདག་ལ་བརྒྱུད་ཅིང་གདམས་ནས། སླར་ཡང་ལོ་དུས་ཀྱི་གསང་རྒྱ་ཡོལ་ནས། སྙིགས་དུས་ཀྱི་སྐབས་སུ་བབ་པའི་ཁོ་བོ་སྡོམ་བརྩོན་ཐ་ཤལ་བ་རྒོད་རྗེ་རྒྱ་ཡི་རུས་ཐོབ་ཚེ་དབང་བདེ་ཆེན་སྙིང་པོ་འམ། གསང་བའི་མིང་ནི་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་ཟོག་པོ་ཏེ་(གཏེ)་རྒན་དེས། དབལ་གྱི་ཕུར་པ་ནག་པོས་བྱིན་གྱིས་རླབས་(བརླབས་པའི)གནས་ཀྱི་མདུན་ཞོལ། གཡུང་དྲུང་བོན་གྱི་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ། དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ་དུས་དང་སྐབས་སུ་བབ་ནས། སྟང་ཆེན་དམུ་ཚའི་ཞལ་ལུང་བཞིན་དུ་དཀར་ཆག་ཡི་གེར་བསྟབ་(བཏབ)་པའོ།།
ces gsas mkhar gsang ba sngags kyi cha lag las kyi mtha' bsdu gsang ba'i man ngag sangs rgyas bstan pa srung ba'i phyag cha/ bstan dgra rtsad nas gcod pa'i mde'u/ 'chi med gsang 'dus gshen gyi lung don/ dbal gshen stag la nyid kyi mdzad srol/ bla chen dran pa nam mkha'i brnags pa/ stang chen dmu tsha nyid kyi smar byang / bstan srung dam can rgya mtsho'i thugs sgrub snang srid dbang bsgyur ngo mtshar lam gyi rim pa 'di yang / drin can bla ma'i bka' gsung phab pa dang / dad ldan grogs po rnams kyis yang yang bskul ba dang*/ ma zad rigs mthun gyi grogs po drang srong dbang 'dus dang stag rgod btsun pa bstan 'dzin phun tshogs zung gis dar dkar lha rdzas dang rin chen gnyis pa'i 'khor lo/ rten 'brel legs mtshon gyis sna drangs te bskul ba la brten nas/ mkhas pa dmu tsha gyer med kyi bka' yi pho nya/ sprul sku blo ldan snying po'i rjes 'jug nges med kho bo bdag ni dbyings kyi yum chen bya ra ma gsum gyi grogs bgyis nas/ rtse drug lhun sgang spyi spungs sgrub pa'i gnas su phyin nas/ stang chen dmu tsha gyer med kyis bdag la brgyud cing gdams nas/ slar yang lo dus kyi gsang rgya yol nas/ snyigs dus kyi skabs su bab pa'i kho bo sdom brtson tha shal ba rgod rje rgya yi rus thob tshe dbang bde chen snying po 'am/ gsang ba'i ming ni g.yung drung thogs med rtsal du 'bod pa'i rgyal khams kyi khol po ba zog po te (gte) rgan des/ dbal gyi phur pa nag pos byin gyis rlabs (brlabs pa'i)gnas kyi mdun zhol/ g.yung drung bon gyi bstan pa'i me ro spar ba'i rlung g.yab/ dpal ldan nor bu gling gi ri khrod kun bzang bde chen pho brang du dus dang skabs su bab nas/ stang chen dmu tsha'i zhal lung bzhin du dkar chag yi ger bstab (btab) pa'o//


Additional miscellaneous Collections

Mongolian Canon


source rKTs &