གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས་གཡུང་དྲུང་ཚེ་ལུང་གསང་བའི་ཡང་སྙིང gsas mkhar gsang ba sgo dgu'i sgrub pa las g.yung drung tshe lung gsang ba'i yang snying
གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས་གཡུང་དྲུང་ཚེ་ལུང་གསང་བའི་ཡང་སྙིང gsas mkhar gsang ba sgo dgu'i sgrub pa las g.yung drung tshe lung gsang ba'i yang snying Bkt
Bkt238.6
གསས་མཁར་གསང་བ་སྒོ་དགུའི་སྒྲུབ་པ་ལས་གཡུང་དྲུང་ཚེ་ལུང་གསང་བའི་ཡང་སྙིང gsas mkhar gsang ba sgo dgu'i sgrub pa las g.yung drung tshe lung gsang ba'i yang snying
Location
set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-19a4
Colophon ཅེས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས་ཨ་དཀར་ཐེག་པ་ཆེན་པོའི་གྲོལ་ཕུག་གསས་མཁར་སྤྱི་དྲིལ་གསང་བ་སྒོ་དགུའི་སྒྲབ་པ་ལས། གཡུང་དྲུང་ཚེ་ལུང་གསང་བའི་ཡང་སྙིང་འདི་ཡང་། འཆི་མེད་ཡུམ་སྲས་གསུམ་གྱི་ལུང་དོན། གཤེན་ཆེན་གསང་བ་འདུས་པའི་ཐུགས་བཅུད། དབལ་གཤེན་སྟག་ལ་ཉིད་ཀྱི་མཛད་སྲོལ། བླ་ཆེན་དྲན་པ་ནམ་མཁའི་བརྣགས་པ། སྟང་ཆེན་དམུ་ཚ་ཉིད་ཀྱི་སྨར་བྱང་། མཁས་པ་དེ་ཡིས་བྱང་ཕྱོགས་གསང་བའི་བྲག་ལ་གྲུབ་པ་བསྙེམས་ནས་ཤིན་ཏུ་ཟབ་པར་མཛད་སྟེ་(དེ།)བཀའ་ནི་གསང་བའི་བྲག་ལ་བཀའ་རྟགས་མཚལ་གྱིས་(གྱི)བརྡའ་ཡིག་གིས་རྒྱས་གདབ་(གཏབ)་ནས་སྦས། མན་ངག་ནི་སྟང་ཆེན་གྱི་ཐུགས་ལ་གབ་པོ་(བོ།)ཕྱིས་སུ་རྟེན་འབྲེལ་ལེགས་པའི་དབུ་བསྙེས་ནས། སྐབས་སུ་བབ་པའི་ཁོ་བོ་བདག་ལ་དངོས་གྲུབ་གནང་བའི་གསས་མཁར་གསང་བའི་དྲིལ་སྒྲབ་འདི་ཡང་། དཔལ་སྙ་ཆེན་མཆོག་གི་གར་རོལ་7ཁྱུང་དཀར་གྲུབ་པའི་དབང་ཕྱུག་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱི་གསེར་ཁྲིར་སྐྱོང་བ་7སྤྱང་འཕགས་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་མཆོག་གི་ལྷ་རྫས་དར་དཀར་གྱིས་སྣ་དྲངས་ཏེ་བཀའ་གསུངས་(གསུང)་སྤྱི་བོར་ཕབ་པ་དང*། མ་ཟད་མཁས་པའི་ནོར་ལ་དབང་བའི་7དྲང་སྲོང་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་དབང་གྲགས་ཀྱིས་རིན་ཆེན་དང་པོའི་གླེགས་བམ་དང་དར་དཀར་ལྷ་རྫས་གྱིས་མཚམས་སྦྱར། དཔལ་ལྡན་ནོར་གླིང་གི་འཚོགས་ཆེན་ཞལ་ངོ་བཙུན་པ་བསམ་གཏན་རྒྱལ་མཚན་དང་རིགས་མཐུན་གྲོགས་པོ་སྟག་རྒོད་དྲང་སྲོང་དབང་འདུས་དང*། བརྩེ་གདུང་གཅིག་ཏུ་འདྲེས་པའི་བཀའ་སློབ་བཙུན་པ་ཚུལ་ཁྲིམས་བློ་གྲོས་སོགས་དོན་གཉེར་ཅན་འགའ་ཡིས། རྟེན་འབྲེལ་དར་དཀར་ཆུན་པོ་དང་རིན་ཆེན་གཉིས་པའི་འཁོར་ལོས་སྣ་དྲངས་ཏེ་བསྐུལ་པ་ལ་བརྟེན་ཏེ། སྟང་ཆེན་དམུ་ཚ་ཉིད་ཀྱི་བཀའ་ཡི་ཕོ་ཉ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཇུག་རྒོད་རྗེ་རྒྱ་ཡི་གདུང་ལས་དལ་རྟེན་རྙེད་པའི་ཨུ0f38ཚེ་དབང་བདེ་ཆེན་སྙིང་པོའམ་7གསང་བའི་མིང་ནི?གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་པ་དེས། དབལ་གཤེན་ཕུར་པ་ནག་པོས་བྱིན་གྱིས་བརླབས་པའི་གནས་ཀྱི་མདུན་ཞོལ། བསྟན་པའི་མེ་རོ་སྤོར་བའི་རླུང་གཡབ་བོན་གྱི་འདུས་སྡེ་ཆེན་པོ་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ་ལོ་དུས་ཀྱི་གསང་རྒྱ་ཡོལ་ནས་སྟོང་(སྟང)་ཆེན་དམུ་ཚའི་ཞལ་ལུང་བཞིན་དུ་ཡི་གེར་གཏན་ལ་ཕབ་པའོ། འདི་བྲིས་ཉེས་ལྟུང་འགལ་བ་ཅི་མཆིས་རྣམས། གསང་སྔགས་གསང་བའི་ལྷ་ལ་མཐོལ་ལོ་བཤགས། ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་མས། བཀའ་ཆད་ཐུགས་ངན་རྐོ་ལོང་ཞི་གྱུར་ཅིག་དགེ་ཚོགས་མ་གྱུར་འགྲོ་བ་ཡོངས་ལ་བསྔོ། ཀུན་ཀྱང་བླ་མེད་འབྲས་བུ་ཐོབ་པར་ཤོག། ces gsas mkhar rin po che spyi spungs kyi nang nas a dkar theg pa chen po'i grol phug gsas mkhar spyi dril gsang ba sgo dgu'i sgrab pa las/ g.yung drung tshe lung gsang ba'i yang snying 'di yang / 'chi med yum sras gsum gyi lung don/ gshen chen gsang ba 'dus pa'i thugs bcud/ dbal gshen stag la nyid kyi mdzad srol/ bla chen dran pa nam mkha'i brnags pa/ stang chen dmu tsha nyid kyi smar byang / mkhas pa de yis byang phyogs gsang ba'i brag la grub pa bsnyems nas shin tu zab par mdzad ste (de/)bka' ni gsang ba'i brag la bka' rtags mtshal gyis (gyi)brda' yig gis rgyas gdab (gtab) nas sbas/ man ngag ni stang chen gyi thugs la gab po (bo/)phyis su rten 'brel legs pa'i dbu bsnyes nas/ skabs su bab pa'i kho bo bdag la dngos grub gnang ba'i gsas mkhar gsang ba'i dril sgrab 'di yang / dpal snya chen mchog gi gar rol 7khyung dkar grub pa'i dbang phyug bstan 'dzin rin chen rgyal mtshan gyi gser khrir skyong ba 7spyang 'phags rin po che mnyam med tshul khrims dbang grags mchog gi lha rdzas dar dkar gyis sna drangs te bka' gsungs (gsung) spyi bor phab pa dang*/ ma zad mkhas pa'i nor la dbang ba'i 7drang srong nam mkha' tshul khrims bstan 'dzin dbang grags kyis rin chen dang po'i glegs bam dang dar dkar lha rdzas gyis mtshams sbyar/ dpal ldan nor gling gi 'tshogs chen zhal ngo btsun pa bsam gtan rgyal mtshan dang rigs mthun grogs po stag rgod drang srong dbang 'dus dang*/ brtse gdung gcig tu 'dres pa'i bka' slob btsun pa tshul khrims blo gros sogs don gnyer can 'ga' yis/ rten 'brel dar dkar chun po dang rin chen gnyis pa'i 'khor los sna drangs te bskul pa la brten te/ stang chen dmu tsha nyid kyi bka' yi pho nya/ sprul sku blo ldan snying po'i rjes 'jug rgod rje rgya yi gdung las dal rten rnyed pa'i u0f38tshe dbang bde chen snying po'am 7gsang ba'i ming ni?g.yung drung thogs med rtsal du 'bod pa'i rgyal khams kyi khol po pa des/ dbal gshen phur pa nag pos byin gyis brlabs pa'i gnas kyi mdun zhol/ bstan pa'i me ro spor ba'i rlung g.yab bon gyi 'dus sde chen po dpal ldan nor bu gling gi ri khrod kun bzang bde chen pho brang du lo dus kyi gsang rgya yol nas stong (stang) chen dmu tsha'i zhal lung bzhin du yi ger gtan la phab pa'o/ 'di bris nyes ltung 'gal ba ci mchis rnams/ gsang sngags gsang ba'i lha la mthol lo bshags/ legs nyes stangs 'dzin bka' yi bya ra mas/ bka' chad thugs ngan rko long zhi gyur cig dge tshogs ma gyur 'gro ba yongs la bsngo/ kun kyang bla med 'bras bu thob par shog/