Catalog entry rKTs-B7588
གསས་མཁར་གསང་བ་སྒོ་དགུའི་སྒྲུབ་གཞུང
gsas mkhar gsang ba sgo dgu'i sgrub gzhung




Bkt238.5

གསས་མཁར་གསང་བ་སྒོ་དགུའི་སྒྲུབ་གཞུང
gsas mkhar gsang ba sgo dgu'i sgrub gzhung


Location
set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-151a6

Colophon
ཅེས་གསས་མཁར་གསང་བའི་ཡང་བཅུད་གནད་དུ་དྲིལ་བ་འདི་ཡང་། དཔལ་སྙ་ཆེན་མཆོག་གི་གར་རོལ་7ཁྱུང་དཀར་གྲུབ་པའི་དབང་ཕྱུག་བསྟན་འཛིན་རིན་ཆེན་རྒྱལ་མཚན་གྱི་གསེར་ཁྲིར་སྐྱོང་བའི་7སྤྱང་བླ་རིན་པོ་ཆེ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་མཆོག་གིས་ལྷ་རྫས་དར་དཀར་གྱིས་སྣ་དྲངས་ཏེ། བཀའ་གསུངས་(གསུང)་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་ཕབ་པ་དང་། མ་ཟད་མཁས་པའི་ནོར་ལ་དབང་བའི་དྲང་སྲོང་ནམ་མཁའ་ཚུལ་ཁྲིམས་བསྟན་འཛིན་དབང་གྲགས་ཀྱིས་རིན་ཆེན་དང་པོའི་གླེགས་བམ་དང་ལྷ་རྫས་དར་དཀར་གྱིས་མཚམས་སྦྱར། དཔལ་ལྡན་ནོར་གླིང་གི་འཚོགས་ཆེན་ཞལ་ངོ་བཙུན་པ་བསམ་གཏན་རྒྱལ་མཚན་དང་། རིགས་མཐུན་གྲོགས་པོ་སྟག་རྒོད་དྲང་སྲོང་དབང་འདུས་དང་། བརྩེ་གདུང་གཅིག་ཏུ་འདྲེས་པའི་བཀའ་སློབ་ཚུལ་ཁྲིམས་བློ་གྲོས་སོགས་དོན་གཉེར་འགའ་ཡིས་རྟེན་འབྲེལ་ལེགས་མཚོན་དར་དཀར་ཆུན་པོ་དང་། རིན་ཆེན་གཉིས་པའི་འཁོར་ལོ་བཀྲ་ཤིས་རྟགས་ཀྱི་རི་མོ་བཀྲ་བ་ཡིས་སྣ་དྲངས་ཏེ་བཀའ་ཡིས་བསྐུལ་པ་ལ་བརྟེན་ཏེ། སྟང་ཆེན་དམུ་ཚ་ཉིད་ཀྱི་བཀའ་ཡི་ཕོ་ཉ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཇུག་རྒོད་རྗེ་རྒྱ་ཡི་གདུང་གྲོལ་ཨུ0f38ཚེ་དབང་བདེ་ཆེན་སྙིང་པོའམ་7གསང་བའིམིང་ནི་7གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོལ་པོ་བ་དེས། དབལ་གཤེན་ཕུར་པ་ནག་པོས་བྱིན་གྱིས་བརླབས་པའི་གནས་ཀྱི་མདུན་ཞོལ། བོན་གྱི་མེ་རོ་སྤོར་བའི་རླུང་གཡབ་བོན་གྱི་འདུས་སྡེ་ཆེན་མོ་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་ཀུན་བཟང་བདེ་ཆེན་ཕོ་བྲང་དུ་ལོ་དུས་ཀྱི་གསང་རྒྱ་ཡོལ་ནས། རྟེན་འབྲེལ་བོན་སྐལ་དུ་སྣང་ཕྱིར་7སྟང་ཆེན་དམུ་ཚའི་ཞལ་ལུང་བཞིན་དུ་ཡི་གེར་གཏན་ལ་ཕབ་པའོ། འདི་བྲིས་འགལ་བའི་རིགས་ཀུན་ཅི་མཆིས་པ། མཁྱེན་ལྡན་བརྩེ་བའི་བླ་མ་དམ་པ་དང་། གསང་སྔགས་གསས་མཁར་ལྷ་ལ་མཐོལ་ལོ་བཤགས། གཏེར་བདག་དམ་ཅན་ཚོགས་ལ་བཟོད་པར་གསོལ། བཀའ་ཆད་ཕྲག་དྭོགས་རྐོ་ལོང་ཞི་གྱུར་ཅིག་དགེ་ཚོགས་ཅི་མཆིས་མཐའ་ཀླས་འགྲོ་ལ་བསྔོ། ཀུན་ཀྱང་གསང་སྔགས་གསང་བའི་དོན་རྟོགས་ནས། བླ་མེད་ཕྱག་རྒྱ་ཆེན་པོའི་ས་ཐོབ་ཤོག་བཀྲ་ཤིས་བོན་བསྟན་རྒྱས་པའི་རྒྱུར་གྱུར་ཅིག།
ces gsas mkhar gsang ba'i yang bcud gnad du dril ba 'di yang / dpal snya chen mchog gi gar rol 7khyung dkar grub pa'i dbang phyug bstan 'dzin rin chen rgyal mtshan gyi gser khrir skyong ba'i 7spyang bla rin po che mnyam med tshul khrims dbang grags mchog gis lha rdzas dar dkar gyis sna drangs te/ bka' gsungs (gsung) bde chen 'khor lo'i mdzes rgyan du phab pa dang / ma zad mkhas pa'i nor la dbang ba'i drang srong nam mkha' tshul khrims bstan 'dzin dbang grags kyis rin chen dang po'i glegs bam dang lha rdzas dar dkar gyis mtshams sbyar/ dpal ldan nor gling gi 'tshogs chen zhal ngo btsun pa bsam gtan rgyal mtshan dang / rigs mthun grogs po stag rgod drang srong dbang 'dus dang / brtse gdung gcig tu 'dres pa'i bka' slob tshul khrims blo gros sogs don gnyer 'ga' yis rten 'brel legs mtshon dar dkar chun po dang / rin chen gnyis pa'i 'khor lo bkra shis rtags kyi ri mo bkra ba yis sna drangs te bka' yis bskul pa la brten te/ stang chen dmu tsha nyid kyi bka' yi pho nya/ sprul sku blo ldan snying po'i rjes 'jug rgod rje rgya yi gdung grol u0f38tshe dbang bde chen snying po'am 7gsang ba'iming ni 7g.yung drung thogs med rtsal du 'bod pa'i rgyal khams kyi khol po ba des/ dbal gshen phur pa nag pos byin gyis brlabs pa'i gnas kyi mdun zhol/ bon gyi me ro spor ba'i rlung g.yab bon gyi 'dus sde chen mo dpal ldan nor bu gling gi ri khrod kun bzang bde chen pho brang du lo dus kyi gsang rgya yol nas/ rten 'brel bon skal du snang phyir 7stang chen dmu tsha'i zhal lung bzhin du yi ger gtan la phab pa'o/ 'di bris 'gal ba'i rigs kun ci mchis pa/ mkhyen ldan brtse ba'i bla ma dam pa dang / gsang sngags gsas mkhar lha la mthol lo bshags/ gter bdag dam can tshogs la bzod par gsol/ bka' chad phrag dwogs rko long zhi gyur cig dge tshogs ci mchis mtha' klas 'gro la bsngo/ kun kyang gsang sngags gsang ba'i don rtogs nas/ bla med phyag rgya chen po'i sa thob shog bkra shis bon bstan rgyas pa'i rgyur gyur cig/


Additional miscellaneous Collections

Mongolian Canon


source rKTs &