Catalog entry rKTs-B7587
སྐབས་འཕྲིན
skabs 'phrin




Bkt238.4

སྐབས་འཕྲིན
skabs 'phrin


Location
set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-41a6

Colophon
ཅེས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། ཨ་དཀར་ཐེག་པའི་གྲོལ་ཕུག་གསས་མཁར་སྤྱི་དྲིལ་གསང་བ་སྒོ་དགུའི་སྒྲུབ་པ་ལས། མན་ངག་སྐབས་ཀྱི་ཡིག་ཆུང་འདི་ཡང་། འཆི་མེད་ཡུམ་སྲས་གཤེན་གསུམ་གྱི་ལུང་དོན། གཤེན་ཆེན་གསང་བ་འདུས་པའི་ཐུགས་བཅུད། དབལ་གཤེན་སྟག་ལ་ཉིད་ཀྱི་མཛད་སྲོལ། བླ་ཆེན་དྲན་པ་ནམ་མཁའི་བརྣགས་པ། སྟང་ཆེན་དམུ་ཚ་ཉིད་ཀྱི་སྨར་བྱང་། མཁས་པ་ཆེན་པོ་དེ་ཡིས་བྱང་ཕྱོགས་གསང་བའི་བྲག་རྒྱ་བོ་ལ་གྲུབ་པ་བསྙེས་ནས། ཤིན་ཏུ་ཟབ་པར་མཛད་སྟེ། བཀའ་ནི་གསང་བའི་བྲག་རུས་སྦལ་འགྱིང་བ་འདྲ་བ་ལ། བཀའ་རྟགས་མཚལ་གྱི་གཡུང་དྲུང་གིས་རྒྱས་གདབ་ནས་སྦས། མན་ངག་ནི་སྟོང་(སྟང)་ཆེན་དམུ་ཚ་ཉིད་ཀྱི་ཐུགས་ལ་གབ་པོ། ཕྱིས་སུ་རྟེན་འབྲེལ་སྐབས་སུ་བབ་པའི་དུས་ཀྱི་སྙིགས་མའི་དཀའ་ཐུབ་པ། སྟང་ཆེན་དམུ་ཚ་ཉིད་ཀྱི་བཀའ་ཡི་ཕོ་ཉ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཇུག་དུས་མཐའི་ཁོ་བོ་བདག་ལ་དངོས་གྲུབ་གནང་བ་འདི་ཡང་། སྤྱང་འཕགས་དཔལ་ལྡན་བླ་མའི་བཀའ་གསུངས་ཕབ་པ་དང་དད་ལྡན་རྣམས་ཀྱི་གསུང་གིས་ཡང་ཡང་བསྐུར་(བསྐུལ)་བའི་ངོར། གྲུབ་དབང་བླ་མའི་གདན་ས་དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད་དུ། ལོ་དུས་ཀྱི་གསང་རྒྱ་ཡོལ་བ་དང་། བོན་བསྟན་སྤེལ་བའི་གནས་སུ་གྱུར་བས། སྟང་ཆེན་དམུ་ཚའི་ཞལ་ལུང་བཞིན་དུ་ཡི་གེར་ཕབ་པའོ། དགེ་དེས་བོན་བསྟན་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག།
ces gsas mkhar rin po che spyi spungs kyi nang nas/ a dkar theg pa'i grol phug gsas mkhar spyi dril gsang ba sgo dgu'i sgrub pa las/ man ngag skabs kyi yig chung 'di yang / 'chi med yum sras gshen gsum gyi lung don/ gshen chen gsang ba 'dus pa'i thugs bcud/ dbal gshen stag la nyid kyi mdzad srol/ bla chen dran pa nam mkha'i brnags pa/ stang chen dmu tsha nyid kyi smar byang / mkhas pa chen po de yis byang phyogs gsang ba'i brag rgya bo la grub pa bsnyes nas/ shin tu zab par mdzad ste/ bka' ni gsang ba'i brag rus sbal 'gying ba 'dra ba la/ bka' rtags mtshal gyi g.yung drung gis rgyas gdab nas sbas/ man ngag ni stong (stang) chen dmu tsha nyid kyi thugs la gab po/ phyis su rten 'brel skabs su bab pa'i dus kyi snyigs ma'i dka' thub pa/ stang chen dmu tsha nyid kyi bka' yi pho nya/ sprul sku blo ldan snying po'i rjes 'jug dus mtha'i kho bo bdag la dngos grub gnang ba 'di yang / spyang 'phags dpal ldan bla ma'i bka' gsungs phab pa dang dad ldan rnams kyi gsung gis yang yang bskur (bskul) ba'i ngor/ grub dbang bla ma'i gdan sa dpal ldan nor bu gling gi ri khrod du/ lo dus kyi gsang rgya yol ba dang / bon bstan spel ba'i gnas su gyur bas/ stang chen dmu tsha'i zhal lung bzhin du yi ger phab pa'o/ dge des bon bstan dar zhing rgyas pa'i rgyur gyur cig/


Additional miscellaneous Collections

Mongolian Canon


source rKTs &