set MW30498: volume gsas mkhar gsang ba sgo dgu'i sgrub skor - folios 1a1-33a2
Colophon ཅེས་པའི་ཚུལ་འདི་ནི་7མཆོག་སྤལ་རིན་པོ་ཆེ་ཡིས་བཀའ་གནང་ཇི་ཕབ་ལ་གྱེན་ལྡོག་མ་ནུས་བཀའ་ལུང་གཙོར་བཞག་ཅིང་། རང་གིས་བསམ་བྱ་ལ་གཞིག་འབྲེལ་ལེགས་པར་བཏང་སྟེ། སྤྱན་འབེབས་ཡང་ཡང་ཕུལ་ཞིང་བསྒྲིགས་པ་པོ་ནི་ཨ་འཐས་པ་ཤེས་རབ་མིང་གིས། བསྒྲང་(བགྲང)་བྱ་བདུན་ཅུ་དོན་གསུམ་ལོན་སྐབས། གཅོལ་གཏམ་ཅལ་ཅོལ་དང་བཅས་ཏེ། གནམ་ལོ་སྟོད་འགྲེལ་བོད་སྐད་དུ་འཛིན་བྱེད་ཞེས་དབང་ཐང་དང་བསྟུན་པའི་མེ་ཕོ་བྱི་བའི་ལོར། ཧོར་ཟླ་བདུན་པའི་ཚེས་13ཉིན་པར་དབེན་གནས་དགའ་རི་ཁྲོད་དུ་བགྱིས་པ་འདིས་ཀྱང་མཉམ་མེད་བླ་མའི་བསྟན་པ་དར་ཞིང་རྒྱས་ཤིང*། འགྲོ་ཀུན་གསང་སེམས་ཉུང་(ཟུང)་འཇུག་རྟོགས་པའི་རྒྱུར་གྱུར་ཅིག་བཀྲ་ཤིས་སྐྱིད་པའི་ཉི་མ་དགུང་ནས་ཤར། མཆོག་གསུམ་ངོ་བོ་བླ་མའི་སྐུ་ཚེ་ནི། བསྐལ་བརྒྱའི་བར་དུ་རྟག་བརྟན་བཞུགས་པ་དང་། འགྲོ་ཀུན་བདེ་སྐྱིད་ཡུན་རིང་འབྱུང་གྱུར་ཅིག། ces pa'i tshul 'di ni 7mchog spal rin po che yis bka' gnang ji phab la gyen ldog ma nus bka' lung gtsor bzhag cing / rang gis bsam bya la gzhig 'brel legs par btang ste/ spyan 'bebs yang yang phul zhing bsgrigs pa po ni a 'thas pa shes rab ming gis/ bsgrang (bgrang) bya bdun cu don gsum lon skabs/ gcol gtam cal col dang bcas te/ gnam lo stod 'grel bod skad du 'dzin byed zhes dbang thang dang bstun pa'i me pho byi ba'i lor/ hor zla bdun pa'i tshes 13nyin par dben gnas dga' ri khrod du bgyis pa 'dis kyang mnyam med bla ma'i bstan pa dar zhing rgyas shing*/ 'gro kun gsang sems nyung (zung) 'jug rtogs pa'i rgyur gyur cig bkra shis skyid pa'i nyi ma dgung nas shar/ mchog gsum ngo bo bla ma'i sku tshe ni/ bskal brgya'i bar du rtag brtan bzhugs pa dang / 'gro kun bde skyid yun ring 'byung gyur cig/