རྩ་གསུམ་བདེར་གཤེགས་འདུས་པའི་བླ་འགུག་ཚེ་ཡི་དམུ་ཐག་སྲོག་གི་ཆད་མཐུད་དྭངས་མ་བཅུད་འགུག rtsa gsum bder gshegs 'dus pa'i bla 'gug tshe yi dmu thag srog gi chad mthud dwangs ma bcud 'gug
རྩ་གསུམ་བདེར་གཤེགས་འདུས་པའི་བླ་འགུག་ཚེ་ཡི་དམུ་ཐག་སྲོག་གི་ཆད་མཐུད་དྭངས་མ་བཅུད་འགུག rtsa gsum bder gshegs 'dus pa'i bla 'gug tshe yi dmu thag srog gi chad mthud dwangs ma bcud 'gug Bkt
Bkt236.34
རྩ་གསུམ་བདེར་གཤེགས་འདུས་པའི་བླ་འགུག་ཚེ་ཡི་དམུ་ཐག་སྲོག་གི་ཆད་མཐུད་དྭངས་མ་བཅུད་འགུག rtsa gsum bder gshegs 'dus pa'i bla 'gug tshe yi dmu thag srog gi chad mthud dwangs ma bcud 'gug
Location
set MW30498: volume rtsa gsum bder 'dus stong rgyung sgrub pa - folios 1a1-10a5
Colophon ཅེས་རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་གྱི་ཚེ་སྒྲུབ་གཡུང་དྲུང་གུར་ཁང་གི་ཆ་ལག་བླ་འགུག་སྲོག་གི་དམུ་ཐག་ཆད་འཐུད་དྭངས་མ་བཅུད་འགུག་ཞེས་བྱ་བ་འདི་ཡང་། སྙིང་གྲོགས་དགེ་བའི་བཤེས་གཉེན་མཁས་པའི་ནོར་ལ་དབང་བའི་དགེ་རྒན་ཤེས་རབ་ཕུན་ཚོགས་ནས་སྔ་ནས་བསྐུལ་བ་དང་། རང་སློབ་གཡུང་དྲུང་ཕུན་ཚོགས་ནས་ཚེ་གོས་དཀར་མོ་དྲི་མེད་ཡུག་རིང་གིས་བརྡ་མཚོན་ནས་ནན་ཏན་གྱིས་བསྐུལ་བས། རང་ཡང་བག་ཆགས་ཀྱི་སྣང་བ་རབ་རིབ་ཙམ་འདུག་ཀྱང་བཏང་སྙོམས་སུ་སོང་བས། ཕྱིས་སུ་ཤར་གྲོལ་སྨིན་གླིང་དུ་ཉིན་གྱི་བྱ་བ་ལ་ཡེངས་ཞིང་། མཚན་གྱི་གཏི་མུག་ཡེ་ཤེས་ཀྱི་གྲོགས་སུ་སྐྱོང་བའི་ནུབ་མོར་ཐོ་རིངས་(རངས)་ལ་དམ་ཅན་ཕོ་ཉ་སྡེ་བཞི་དགའ་བའི་འཛུམ་མདངས་དང་བཅས་ནས། ཁྱེད་ཀྱིས་བསྟན་འགྲོར་ཕན་ཡོད་པའི་བོན་སྦྱིན་ཟེར་བ་དང། ཕྱིར་ཉིན་བླ་ཆུང་བསྟན་དབང་གིས་ཚེ་ཡི་ཞལ་བུ་མངར་གསུམ་གྱིས་བཀང་བ་སྣང་བའི་གྲོགས་སུ་སྤྲོ་བ་དང་། གཡུང་དྲུང་ཕུན་ཚོགས་ཀྱིས་ཚེ་ཡི་ཤེལ་སྒོང་དྲི་མེད་སོགས་རྟེན་འབྲེལ་ཤིན་ཏུ་ལེགས་པའི་བརྡ་རྟགས་ཤར་ནས་ད་སྐབས། གཟུགས་མེད་པའི་སྒྲ་ལ། ལེ་ལོ་འདུ་བྱེད་གཡེང་བའི་བློ་དོར་ལ། བསྟན་པའི་རྒྱལ་མཚན་ནུབ་མེད་ཡོངས་ལ་ཕྱོར་ཞེས་ཐོས་པས། སྣང་བའི་གྲོགས་དང་བཅས་ནས་ཚེ་དབང་རོལ་གར་ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་མཚན་ནི་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པ་བདག་གིས་ཤར་གྲོལ་སྨིན་གླིང་དུ་རིག་འཛིན་ཆེན་པོའི་ཞལ་ལུང་བཞིན་དཀར་ཆག་ཡི་གེར་བཏབ་པའོ། དགེ་དེས་ཉུ་ལེ་ཚེ་ཡི་བར་ཆད་ཞི་ནས་འཆི་མེད་ཚེ་དང་ལྡན་པའི་རྒྱུར་གྱུར་ཅིག། ces rig 'dzin chen po stong rgyung mthu chen gyi tshe sgrub g.yung drung gur khang gi cha lag bla 'gug srog gi dmu thag chad 'thud dwangs ma bcud 'gug zhes bya ba 'di yang / snying grogs dge ba'i bshes gnyen mkhas pa'i nor la dbang ba'i dge rgan shes rab phun tshogs nas snga nas bskul ba dang / rang slob g.yung drung phun tshogs nas tshe gos dkar mo dri med yug ring gis brda mtshon nas nan tan gyis bskul bas/ rang yang bag chags kyi snang ba rab rib tsam 'dug kyang btang snyoms su song bas/ phyis su shar grol smin gling du nyin gyi bya ba la yengs zhing / mtshan gyi gti mug ye shes kyi grogs su skyong ba'i nub mor tho rings (rangs) la dam can pho nya sde bzhi dga' ba'i 'dzum mdangs dang bcas nas/ khyed kyis bstan 'gror phan yod pa'i bon sbyin zer ba dang/ phyir nyin bla chung bstan dbang gis tshe yi zhal bu mngar gsum gyis bkang ba snang ba'i grogs su spro ba dang / g.yung drung phun tshogs kyis tshe yi shel sgong dri med sogs rten 'brel shin tu legs pa'i brda rtags shar nas da skabs/ gzugs med pa'i sgra la/ le lo 'du byed g.yeng ba'i blo dor la/ bstan pa'i rgyal mtshan nub med yongs la phyor zhes thos pas/ snang ba'i grogs dang bcas nas tshe dbang rol gar tshe dbang bde chen snying po'am/ gsang ba'i mtshan ni g.yung drung thog med rtsal du 'bod pa bdag gis shar grol smin gling du rig 'dzin chen po'i zhal lung bzhin dkar chag yi ger btab pa'o/ dge des nyu le tshe yi bar chad zhi nas 'chi med tshe dang ldan pa'i rgyur gyur cig/