རྩ་གསུམ་བདེར་གཤེགས་འདུས་པའི་ཞི་བ་ཚེ་ཡི་སྒྲུབ་པ་གཡུང་དྲུང་གུར་ཁང rtsa gsum bder gshegs 'dus pa'i zhi ba tshe yi sgrub pa g.yung drung gur khang
རྩ་གསུམ་བདེར་གཤེགས་འདུས་པའི་ཞི་བ་ཚེ་ཡི་སྒྲུབ་པ་གཡུང་དྲུང་གུར་ཁང rtsa gsum bder gshegs 'dus pa'i zhi ba tshe yi sgrub pa g.yung drung gur khang Bkt
Bkt236.33
རྩ་གསུམ་བདེར་གཤེགས་འདུས་པའི་ཞི་བ་ཚེ་ཡི་སྒྲུབ་པ་གཡུང་དྲུང་གུར་ཁང rtsa gsum bder gshegs 'dus pa'i zhi ba tshe yi sgrub pa g.yung drung gur khang
Location
set MW30498: volume rtsa gsum bder 'dus stong rgyung sgrub pa - folios 1a1-13b6
Colophon ཅེས་ཚེ་སྒྲུབ་གཡུང་དྲུང་གུར་ཁང་འདི་ཉིད་གྲོགས་ཀྱིས་ལྷ་རྫས་དྲི་མེད་ཀྱིས་མཚམས་སྦྱར་ནས་བསྐུལ་བ་ལ་བསྟན་(བརྟེན)་གཡམ་སྟོད་མཚོ་ལུང་དབྱར་སྒར་དུ་བརྒྱུད་ཀྱང་། གནས་སྐབས་བཏང་སྙོམས་སུ་སོང་བ་བྱང་གི་ས་གནས་ལ་འདུས་སྟོང་མཚེར་བར་མར་སྦྱིན་རྣམས་ཀྱི་སྐུ་རིམ་བསྒྲབས་སྐབས་སུ་ཉལ་བའི་སྣང་བ་ལ། བུད་མེད་དཀར་མོ་དར་ཟབ་ཀྱིས་བརྒྱན་པ་ལྔ་ཡི་ཞལ་ནས། ཚེ་སྒྲབ་འདི་ཉིད་སྒྲུབ་པའི་རྣལ་འབྱོར་གྱིས། བླ་གཡུ་བཀྲག་དང་ལྡན་པ་ཞིག་ལ། རིན་ཆེན་གསེར་གྱི་བླ་ཚེའི་སྙིང་པོ་བྲིས་ལ་དར་ཟབ་ཀྱི་ན་བཟའ་གསོལ་ཞིང་། ཚེ་གོས་དཀར་མོ་དྲི་མེད་ཚེ་མདུད་བཅས་དཀྱིལ་འཁོར་གྱི་དབུས་སུ་བཀོད་ལ། རྟེན་འབྲེལ་བརྡ་ཐབས་སུ་བརྟགས་དགོས་གསུངས་ནས་དཀར་གསུམ་དང་འབྲས་ཀྱི་བམ་པོ་དང་། མི་འགྱུར་ཚེ་མདའ་རྒྱན་ཅན་བདག་ལ་གཏད་བྱུང་བའི་སྣང་ཉམས་ཤར་ཚེ། ཕྱི་ཉིན་རྟེན་འབྲེལ་སྐབས་སུ་བབ་པའི་ཚེ་དབང་བདེ་ཆེན་སྙིང་པོའམ་དྲུང་མུ་ཐོག་མེད་རྩལ་གྱིས་ལ་འདུས་སྟོང་མཚེར་བར་མར་ཡི་གེར་བཏབ་ནས་སྤེལ་བའོ།། ces tshe sgrub g.yung drung gur khang 'di nyid grogs kyis lha rdzas dri med kyis mtshams sbyar nas bskul ba la bstan (brten) g.yam stod mtsho lung dbyar sgar du brgyud kyang / gnas skabs btang snyoms su song ba byang gi sa gnas la 'dus stong mtsher bar mar sbyin rnams kyi sku rim bsgrabs skabs su nyal ba'i snang ba la/ bud med dkar mo dar zab kyis brgyan pa lnga yi zhal nas/ tshe sgrab 'di nyid sgrub pa'i rnal 'byor gyis/ bla g.yu bkrag dang ldan pa zhig la/ rin chen gser gyi bla tshe'i snying po bris la dar zab kyi na bza' gsol zhing / tshe gos dkar mo dri med tshe mdud bcas dkyil 'khor gyi dbus su bkod la/ rten 'brel brda thabs su brtags dgos gsungs nas dkar gsum dang 'bras kyi bam po dang / mi 'gyur tshe mda' rgyan can bdag la gtad byung ba'i snang nyams shar tshe/ phyi nyin rten 'brel skabs su bab pa'i tshe dbang bde chen snying po'am drung mu thog med rtsal gyis la 'dus stong mtsher bar mar yi ger btab nas spel ba'o//