set MW30498: volume rtsa gsum bder 'dus stong rgyung sgrub pa - folios 1a1-12a5
Colophon ཅེས་པའི་བསྐང་(སྐོང)་བཤགས་རིན་ཆེན་གཏེར་སྤུངས་འདི་ཡང་། སྟོང་རྒྱུང་རོལ་གར་གར་དབང་བདུད་འདུལ་སྙིང་པོ་དང་། ལས་ལྡན་སྙིང་གྲོགས་ཤེས་རབ་ཕུན་ཚོགས་དང*། ཡང་སློབ་བཙུན་ཆུང་གཡུང་དྲུང་ཕུན་ཚོགས་ཀྱིས། དར་དཀར་དྲི་མེད་ཡུག་རིང་གིས་སྣ་དྲངས་ནས་གུས་ཕྱག་དང་བཅས་པས་བསྐུལ་བ་ལ་བརྟེན་ནས། སྙིགས་དུས་ཀྱི་སྐབས་སུ་བབ་པའི་ཁོ་བོ་བདེ་ཆེན་སྙིང་པོ་འམ་གསང་བའི་མིང་ནས་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པ་བདག་གིས་བར་ཆོད་གེགས་སེལ་རླུང་སེམས་ཟུང་འཇུག་གི་ཐུན་མཚམས་སུ་ཤར་གྲོལ་སྨིན་གླིང་དུ་རིགས་བརྒྱའི་དཀྱིལ་འཁོར་མངོན་ཞལ་གཟིགས་པའི་ཉིན་པར་བཀྲ་ཤིས་དགའ་སྟོན་རྟེན་འབྲེལ་རྟགས་སུ་སྤེལ་བའོ།། ces pa'i bskang (skong) bshags rin chen gter spungs 'di yang / stong rgyung rol gar gar dbang bdud 'dul snying po dang / las ldan snying grogs shes rab phun tshogs dang*/ yang slob btsun chung g.yung drung phun tshogs kyis/ dar dkar dri med yug ring gis sna drangs nas gus phyag dang bcas pas bskul ba la brten nas/ snyigs dus kyi skabs su bab pa'i kho bo bde chen snying po 'am gsang ba'i ming nas g.yung drung thog med rtsal du 'bod pa bdag gis bar chod gegs sel rlung sems zung 'jug gi thun mtshams su shar grol smin gling du rigs brgya'i dkyil 'khor mngon zhal gzigs pa'i nyin par bkra shis dga' ston rten 'brel rtags su spel ba'o//