རྩ་གསུམ་བདེར་གཤེགས་འདུས་པའི་དོན་སྒྲབ་སྙིང་གི་ཁྲག་རློན rtsa gsum bder gshegs 'dus pa'i don sgrab snying gi khrag rlon
རྩ་གསུམ་བདེར་གཤེགས་འདུས་པའི་དོན་སྒྲབ་སྙིང་གི་ཁྲག་རློན rtsa gsum bder gshegs 'dus pa'i don sgrab snying gi khrag rlon Bkt
Bkt236.17
རྩ་གསུམ་བདེར་གཤེགས་འདུས་པའི་དོན་སྒྲབ་སྙིང་གི་ཁྲག་རློན rtsa gsum bder gshegs 'dus pa'i don sgrab snying gi khrag rlon
Location
set MW30498: volume rtsa gsum bder 'dus stong rgyung sgrub pa - folios 1a1-12b4
Colophon ཅེས་རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་གྱི། དོན་གྱི་སྒྲུབ་པ་སྙིང་གི་ཁྲག་རློན་འདི་ཉིད། ཤར་གྲོལ་སྨིན་གླིང་དུ་རང་ཉིད་གཅིག་པུར་ཡོད་པའི་ཉིན་སྣང་ལ། ཉི་མའི་དཀྱིལ་དུ་རིག་འཛིན་སྟོང་རྒྱུང་སྐུ་ཉུང་འབྲུ་ཙམ་ཞིག་གསལ་ཐ་ལེར་འདུག་པ་དེ་ཡིས་ཁྱེད་རང་ལ་བོན་སྐལ་དུ་སྦྱིན་ཟེར་ནས་གདམས་པ་འདི་ཉིད་བརྒྱུད་ཅིང་གནང་བའོ། འདི་སྔོན་བཀའ་བབ་བསྟན་པའི་གསལ་བྱེད་མེ་གསས་རོལ་གར་གར་དབང་བདུད་འདུལ་སྙིང་པོ་དང*། འདི་ཉིད་ཀྱི་ལུང་བབས་བོན་སྐལ་དུ་སྣང་བའི་སྙིང་གྲོགས་དགེ་རྒན་ཤེས་རབ་ཕུན་ཚོགས་གཉིས་ནས་དར་དཀར་དྲི་མེད་ཀྱིས་སྣ་དྲངས་ནས་ཡང་ཡང་བསྐུལ་བ་དང་། ཡང་སློབ་བཙུན་ཆུང་གཡུང་དྲུང་ཕུན་ཚོགས་ནས་དར་དཀར་གསང་གོས་ཡུག་རིང་གིས་སྣ་དྲངས་ཏེ་བསྐུལ་བ་ལ་བརྟེན་ནས། འགྲོ་བའི་མགོན་པོ་སྙིགས་མ་ལྔ་བདོའི་དུས་སུ་བསྟན་པའི་སྲོག་འཛིན་གདུལ་དཀའི་འགྲོ་བ་འདུལ་མཛད་འཆི་མེད་ནམ་མཁའ་སྒྲོན་གསལ་ཐུགས་ཀྱི་རོལ་གར་མངོན་པར་སྣང་བའི་ཚེ་དབང་བདེ་ཆེན་སྙིང་པོ་འམ་གསང་བའི་མིང་ནས་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པ་བདག་སྤྲང་ཕལ་པ་ཅི་ལྟ་བུ་དེས། རླུང་སེམས་ཟུང་འཇུག་ཉམས་ལེན་སྣང་སེམས་ལྷ་སྐུར་ཤར་བའི་ཐུན་མཚམས་ལ། ཤར་གྲོལ་སྨིན་གླིང་དུ་རིག་འཛིན་སྟོང་རྒྱུང་མངོན་ཞལ་མཇལ་བའི་ཉིན་པར་སྤེལ་ཞིང་བརྒྱུད་པའོ། དམ་མེད་དྲེད་པོ་བཀའ་རྐུན་དམ་ཉམས་སྡེ་ལ་རླུང་ཕྱོགས་ཙམ་ལས་མ་བསྒྲགས་པར་ཤིན་ཏུ་གསང་རྒྱ་དམ་པར་གྱིས། ཨུ་ཡ།། ces rig 'dzin chen po stong rgyung mthu chen gyi/ don gyi sgrub pa snying gi khrag rlon 'di nyid/ shar grol smin gling du rang nyid gcig pur yod pa'i nyin snang la/ nyi ma'i dkyil du rig 'dzin stong rgyung sku nyung 'bru tsam zhig gsal tha ler 'dug pa de yis khyed rang la bon skal du sbyin zer nas gdams pa 'di nyid brgyud cing gnang ba'o/ 'di sngon bka' bab bstan pa'i gsal byed me gsas rol gar gar dbang bdud 'dul snying po dang*/ 'di nyid kyi lung babs bon skal du snang ba'i snying grogs dge rgan shes rab phun tshogs gnyis nas dar dkar dri med kyis sna drangs nas yang yang bskul ba dang / yang slob btsun chung g.yung drung phun tshogs nas dar dkar gsang gos yug ring gis sna drangs te bskul ba la brten nas/ 'gro ba'i mgon po snyigs ma lnga bdo'i dus su bstan pa'i srog 'dzin gdul dka'i 'gro ba 'dul mdzad 'chi med nam mkha' sgron gsal thugs kyi rol gar mngon par snang ba'i tshe dbang bde chen snying po 'am gsang ba'i ming nas g.yung drung thog med rtsal du 'bod pa bdag sprang phal pa ci lta bu des/ rlung sems zung 'jug nyams len snang sems lha skur shar ba'i thun mtshams la/ shar grol smin gling du rig 'dzin stong rgyung mngon zhal mjal ba'i nyin par spel zhing brgyud pa'o/ dam med dred po bka' rkun dam nyams sde la rlung phyogs tsam las ma bsgrags par shin tu gsang rgya dam par gyis/ u ya//