set MW30498: volume rtsa gsum bder 'dus stong rgyung sgrub pa - folios 1a1-18a3
Colophon ཞེས་པ་གསང་བའི་རིག་འཛིན་ཆེན་པོ་ཡི། སྒྲབ་གཞུང་བདུད་རྩི་བུམ་བཟང་འདི་དག་ནི། གྲོགས་ཀྱིས་བསྐུལ་བཞིན་རང་གིས་ལེགས་སྙམ་ནས། རིག་འཛིན་རྣམས་ལ་བཀཾའ་ཡི་གནང་བ་ཡི། གསོལ་བ་བཏབ་ནས་ཉལ་བའི་ནུབ་མོ་རུ། དཔའ་བོའི་ཆ་ལུགས་གྲུབ་ཐོབ་རལ་ཐོད་ཅན། ཨག་ཚོམ་བྲང་གི་རྒྱ་མདོར་སླེབས་པ་ཞིག་ཕྱག་གིས་གླེགས་བམ་པོ་ཏི་སྔོན་པོ་བསྣམས། བདག་གི་སྤྱི་བོར་བཞག་ནས་འདི་སྐད་གསུངས། བོན་སྒོ་བརྒྱད་ཁྲི་བཀའ་ཡི་གླེགས་བམ་འདིས། སྐལ་ལྡན་ཁྱེད་ལ་དབང་མཆོག་བསྐུར་བ་ཡིས། ལྷ་སྲིན་བཀའ་བཙན་སྐྱེ་འགྲོའི་དོན་ནུས་ནས། རང་སེམས་དྲི་བྲལ་ཀ་དག་མཐར་ཐུགས་འདི། སངས་རྒྱས་རྣམས་ཀྱིས་མ་མཛད་ཀ་ནས་དག་སེམས་ཅན་སྒྲིན་བུའི་(བུས)་མ་བཅོས་ཡེ་ནས་སྟོང་། རང་གི་རིག་པས་མ་དཔྱད་སྟོང་གསལ་འདི། རང་རིག་བཙན་ས་ཟིན་པའི་དབང་ཐོབ་ཤོག་གསུངས་ནས་སྐུ་གསུང་ཐུགས་ཀྱི་གནས་ལྔ་ནས། འབྲུ་ལྔ་སྤྲོས་ནས་བདག་གི་གནས་ལྔར་ཐིམ། འོད་གསལ་འདྲེས་ནས་བྱིན་རླབས་རྒྱུད་ལ་ཤར། རིག་འཛིན་སྟོང་རྒྱུང་ཡིན་པ་བློ་ཐག་བཅད། ཞང་བོད་ཀུན་ལ་བཀའ་དྲིན་ཆེ་བ་ཡི། རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་གྱིས། སྒྲུབ་ཐབས་བརྩམས་ན་ཐོག་པ་མེད་སྙམ་ནས། སྐྱེ་བ་སྔོན་ནས་ཡང་ཡང་འབྲེལ་བའི་བུ། དགའ་བའི་གྲོགས་པོ་འབྲེལ་བའི་གཡུང་དྲུང་སྤུན། སྙིང་གི་ཟེའུ་འབྲུར་འཆང་བའི་བསྒྲེས་(བགྲེས)་པོ་བ། ལྡོང་གི་བཙུན་པ་ས་ཏྲིག་སམ་སད་ཅེས། མཁས་པའི་ནོར་ལ་དབང་བའི་དགེ་རྒན་དེས། ལུས་ངག་ཡིད་གསུམ་དད་པས་རབ་བསྐུལ་ཏེ། ཀང་ཀའི་རིགས་གྲོལ་ཁྲུན་སྨར་རྣམ་རོལ་གར། ལྡོང་ཞིག་དྲང་སྲོང་དྲུང་མུ་ཐོགས་མེད་རྩལ། འབོད་པ་དེ་ཡིས་ཁྱབ་གདལ་གཉུག་མའི་ངང*་། སྤུ་རྒྱལ་གཡོན་ཕྱོགས་གཡུ་རི་གཡུ་ལུང་ཞོལ། གོང་མའི་གདན་ས་ཤར་གྲོལ་གླིང་དུ་བྲིས། ཉེས་འགལ་ཅི་མཆིས་རིག་འཛིན་མཁའ་འགྲོར་བཤགས། དགེ་ཚོགས་མཐའ་ཀླས་མ་གྱུར་འགྲོ་ལ་བསྔོ་། བཀྲ་ཤིས་བོན་བསྟན་རྒྱས་པའི་རྒྱུ་གྱུར་ཅིག། zhes pa gsang ba'i rig 'dzin chen po yi/ sgrab gzhung bdud rtsi bum bzang 'di dag ni/ grogs kyis bskul bzhin rang gis legs snyam nas/ rig 'dzin rnams la bkaM' yi gnang ba yi/ gsol ba btab nas nyal ba'i nub mo ru/ dpa' bo'i cha lugs grub thob ral thod can/ ag tshom brang gi rgya mdor slebs pa zhig phyag gis glegs bam po ti sngon po bsnams/ bdag gi spyi bor bzhag nas 'di skad gsungs/ bon sgo brgyad khri bka' yi glegs bam 'dis/ skal ldan khyed la dbang mchog bskur ba yis/ lha srin bka' btsan skye 'gro'i don nus nas/ rang sems dri bral ka dag mthar thugs 'di/ sangs rgyas rnams kyis ma mdzad ka nas dag sems can sgrin bu'i (bus) ma bcos ye nas stong / rang gi rig pas ma dpyad stong gsal 'di/ rang rig btsan sa zin pa'i dbang thob shog gsungs nas sku gsung thugs kyi gnas lnga nas/ 'bru lnga spros nas bdag gi gnas lngar thim/ 'od gsal 'dres nas byin rlabs rgyud la shar/ rig 'dzin stong rgyung yin pa blo thag bcad/ zhang bod kun la bka' drin che ba yi/ rig 'dzin chen po stong rgyung mthu chen gyis/ sgrub thabs brtsams na thog pa med snyam nas/ skye ba sngon nas yang yang 'brel ba'i bu/ dga' ba'i grogs po 'brel ba'i g.yung drung spun/ snying gi ze'u 'brur 'chang ba'i bsgres (bgres) po ba/ ldong gi btsun pa sa trig sam sad ces/ mkhas pa'i nor la dbang ba'i dge rgan des/ lus ngag yid gsum dad pas rab bskul te/ kang ka'i rigs grol khrun smar rnam rol gar/ ldong zhig drang srong drung mu thogs med rtsal/ 'bod pa de yis khyab gdal gnyug ma'i ngang* / spu rgyal g.yon phyogs g.yu ri g.yu lung zhol/ gong ma'i gdan sa shar grol gling du bris/ nyes 'gal ci mchis rig 'dzin mkha' 'gror bshags/ dge tshogs mtha' klas ma gyur 'gro la bsngo / bkra shis bon bstan rgyas pa'i rgyu gyur cig/