set MW30498: volume rtsa gsum bder 'dus stong rgyung sgrub pa - folios 1a1-9b4
Colophon ཅེས་རྩ་གསུམ་བདེར་གཤེགས་འདུས་པའི་གསོལ་འདེབས་འདོད་རྒུ་མྱུར་འགྲུབ་ཅེས་བྱ་བ་དད་ལྡན་སྐྱེ་བོ་ཕོ་མོ་རྣམས་ཀྱི་སྤྱོད་ཡུལ་འདི་ཡང་། སྙིང་གི་གྲོགས་པོ་ཤེས་བྱའི་གནས་ལ་དབང་བའི་དགེ་རྒན་ས་ཏྲིག་མིང་གིས་རིང་མོའི་དུས་ནས་བསྐུལ་བ་དང*། ཉེ་བར་གྲཝ་བཙུན་གཡུང་ཕུན་སོགས་ཀྱིས་བསྐུལ་བ་ལ་བརྟེན་ནས། ལྡོང་ཞིག་རུས་འཐོབ། གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དབང་གི་རྒྱལ་པོར་འབོད་པའི་ཟོབ་པོ་གཏེ་རྒན་བླ་མའི་མིང་ཙམ་འབོད་པ་ཁྱི་ལ་སེང་གེར་གྲགས་པའི་དཀོར་ཟན་དེས། ལྷ་མཆོག་གང་དེ་སྒྲུབ་པའི་ཐུན་མཚམས་སུ། རིག་འཛིན་དེ་ཉིད་དངོས་སུ་མི་རུ་སྤྲུལ་ནས་མངོན་ཞལ་མཇལ་སྐབས་རང་གིས་གསོལ་བ་དྲག་ཏུ་བཏབ་སྟེ་ཕུལ་བའོ། མིན་པ་ཡིན་ཚུལ་བྱས་པ་ཏིལ་ཙམ་མེ+ེད་པས། ཐེ་ཚོམ་གྱི་འཕྲང་ལས་བརྒལ་ཞིང་ཀུན་གྱིས་ཡིད་ལ་ཟུངས། དགེ་དེས་འགྲོ་ཀུན་སྨིན་གྲོལ་ལམ་ལ་འཁོད་པར་གྱུར་ཅིག། ces rtsa gsum bder gshegs 'dus pa'i gsol 'debs 'dod rgu myur 'grub ces bya ba dad ldan skye bo pho mo rnams kyi spyod yul 'di yang / snying gi grogs po shes bya'i gnas la dbang ba'i dge rgan sa trig ming gis ring mo'i dus nas bskul ba dang*/ nye bar grwa btsun g.yung phun sogs kyis bskul ba la brten nas/ ldong zhig rus 'thob/ g.yung drung grags pa bstan pa'i rgyal mtshan dbang gi rgyal por 'bod pa'i zob po gte rgan bla ma'i ming tsam 'bod pa khyi la seng ger grags pa'i dkor zan des/ lha mchog gang de sgrub pa'i thun mtshams su/ rig 'dzin de nyid dngos su mi ru sprul nas mngon zhal mjal skabs rang gis gsol ba drag tu btab ste phul ba'o/ min pa yin tshul byas pa til tsam me+ed pas/ the tshom gyi 'phrang las brgal zhing kun gyis yid la zungs/ dge des 'gro kun smin grol lam la 'khod par gyur cig/