རྣམ་ཀུན་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་སྨྲ་བའི་དབང་ཕྱུག་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཀུན་གྱི་དད་པའི་སྣང་བ་དྭངས་བའི་བདེ་འདྲེན rnam kun thams cad mkhyen gzigs rgyal dbang smra ba'i dbang phyug zla ba rgyal mtshan gyi rnam par thar pa kun gyi dad pa'i snang ba dwangs ba'i bde 'dren
རྣམ་ཀུན་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་སྨྲ་བའི་དབང་ཕྱུག་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཀུན་གྱི་དད་པའི་སྣང་བ་དྭངས་བའི་བདེ་འདྲེན rnam kun thams cad mkhyen gzigs rgyal dbang smra ba'i dbang phyug zla ba rgyal mtshan gyi rnam par thar pa kun gyi dad pa'i snang ba dwangs ba'i bde 'dren Bkt
Bkt228.4
རྣམ་ཀུན་ཐམས་ཅད་མཁྱེན་གཟིགས་རྒྱལ་དབང་སྨྲ་བའི་དབང་ཕྱུག་ཟླ་བ་རྒྱལ་མཚན་གྱི་རྣམ་པར་ཐར་པ་ཀུན་གྱི་དད་པའི་སྣང་བ་དྭངས་བའི་བདེ་འདྲེན rnam kun thams cad mkhyen gzigs rgyal dbang smra ba'i dbang phyug zla ba rgyal mtshan gyi rnam par thar pa kun gyi dad pa'i snang ba dwangs ba'i bde 'dren
Location
set MW30498: volume rje 'brug dang zla rgyal sogs rnam thar pod - folios 1a1-202b3
Colophon ཅེས་རྗེ་སྣང་སྟོན་རིན་པོ་ཆེའི་རྣམས་(རྣམ)་པར་ཐར་པ་འདི་གང་གིས་ཀྱང་ཡིད་ཀྱི་མོས་པས་བསྐུལ་མ་བྱུང་བ་ནི་མིན་ལ། རང་གི་མཁས་འདོད་ཀྱིས་མཛད་པ་ཨི་ལོང་མ་སེམས་ཀྱང་སྔ་སོར་ནས། རྗེ་རིན་པོ་ཆེའི་ཡོན་ཏན་ཇི་སྙེད་ལ་ནུས་པས་དད་པ་མོས་ཆེ་རུང་ཞིབ་ཏུ་བདག་འདྲས་བརྗོད་པར་མ་ནུས། དོན་མདོ་བསྡུས་ལ་ཚིག་ཉོབ་མང་པ་འདི། དེ་ཉིད་ཀྱི་ལུང་བསྟན་སོགས་རྐྱེན་ངན་བར་ཆོད་ཀྱིས་སྟོར་བ་འཕྲོས་ཐོར་བུ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསགས། འགྲོ་དོན་འཕྲིན་ལས་མཛད་པ་སོགས་རེ་འགའ་ཁྱད་མཚར་རེ་གསུངས་འདུག་ཀྱང་ཞལ་མི་འཆམས་པ་རྣམས་སྟོང*། ཞབས་དྲུང་ཡུན་རིང་འཁོར་བ་དང་། ཞལ་གསུམ་བཞི་འཆམས་པ་ངེས་པ་དག་རྣམས་རང་གིས་དད་རྟེན་དུ་ཡིག་བསྟ་རེ་རེ་གཉིས་རེ་བྲིས་པས་མཐར། མང་དུ་སོགས་ནས་ཕྱོགས་གཅིག་ཏུ་སྒྲིལ་པ་འདི་འདྲ་ཞིག་བྱུང་བར་རྣམ་ཐར་ཡིན་ཞེས་བརྗོད་པ་པོ་ནི། མི་ཆུང་ལ་མིང་ཆེ་བ་མཁན་ཆེན་རྒྱལ་ཚབ་ཟེར་བ་དེ་ཇི་ལྟར་ནས། སྟོན་པའི་ཐུགས་སྲས་རྨ་ལོའི་ཐུགས་ཀྱི་སྤྲུལ། མཁས་པའི་རྒྱན་དྲུག་ལྷ་བདག་གསུང་གི་སྤྲུལ། བླ་ཆེན་ཡབ་སྲས་ཚེ་དབང་སྐུ་ཡི་སྤྲུལ། སྐྱེ་བ་དུ་མར་རིག་འཛིན་བྱིན་རླབས་སྤྲུལ། ད་ཡང་སྐྱེ་བ་བདུན་ལ་འགྲོ་དོན་སྤྲུལ^། དེ་ནས་སྐྱེ་བ་མི་ལེན་མངོན་སངས་རྒྱས། ཞེས་སུ་བྱུང་བའི་བསྐལ་(སྐལ)་བཟང་བསྟན་པའི་ཉི་མ་ཏོག་གི་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་བྱང་དང་རའི་འགྲོ་དོན་སྐྱོང་སྐབས་སུ་རང་ལོ་སོ་བདུན་མེ་གླང་ཟླ་1་ཚེས་1ུ0f8བ་ལ་གཡུང་དྲུང་བོན་དགོན་གསལ་སྤྱང་ཚང་ཁང་དུ་ཕུར་ནག་སྒྲབ་པའི་ཞོར་ལ་གཞུག་ལེགས་པར་མཐར་ཕྱིན་པ་འདི་ཡང་བསྟན་པའི་རྒྱན་དུ་གྱུར་ནས་སེམས་ཅན་འདྲེན་སྟོན་ནུས་པའི་རྒྱུ་རུ་གྱུར་ཅིག་དགེ་ལེགས་འཕེལ། བཀྲ་ཤིས་སོ།། ces rje snang ston rin po che'i rnams (rnam) par thar pa 'di gang gis kyang yid kyi mos pas bskul ma byung ba ni min la/ rang gi mkhas 'dod kyis mdzad pa i long ma sems kyang snga sor nas/ rje rin po che'i yon tan ji snyed la nus pas dad pa mos che rung zhib tu bdag 'dras brjod par ma nus/ don mdo bsdus la tshig nyob mang pa 'di/ de nyid kyi lung bstan sogs rkyen ngan bar chod kyis stor ba 'phros thor bu yod pa rnams phyogs gcig tu bsags/ 'gro don 'phrin las mdzad pa sogs re 'ga' khyad mtshar re gsungs 'dug kyang zhal mi 'chams pa rnams stong*/ zhabs drung yun ring 'khor ba dang / zhal gsum bzhi 'chams pa nges pa dag rnams rang gis dad rten du yig bsta re re gnyis re bris pas mthar/ mang du sogs nas phyogs gcig tu sgril pa 'di 'dra zhig byung bar rnam thar yin zhes brjod pa po ni/ mi chung la ming che ba mkhan chen rgyal tshab zer ba de ji ltar nas/ ston pa'i thugs sras rma lo'i thugs kyi sprul/ mkhas pa'i rgyan drug lha bdag gsung gi sprul/ bla chen yab sras tshe dbang sku yi sprul/ skye ba du mar rig 'dzin byin rlabs sprul/ da yang skye ba bdun la 'gro don sprul^a/ de nas skye ba mi len mngon sangs rgyas/ zhes su byung ba'i bskal (skal) bzang bstan pa'i nyi ma tog gi rgyal mtshan dpal bzang po de nyid byang dang ra'i 'gro don skyong skabs su rang lo so bdun me glang zla 1 tshes 1u0f8b la g.yung drung bon dgon gsal spyang tshang khang du phur nag sgrab pa'i zhor la gzhug legs par mthar phyin pa 'di yang bstan pa'i rgyan du gyur nas sems can 'dren ston nus pa'i rgyu ru gyur cig dge legs 'phel/ bkra shis so//