Colophon དེ་ལྟར་བརྩམས་ཚུལ་ནི། རིང་ལུགས་བོན་གྱི་མཐའི་རྒྱལ་ཁམས་དབུས། འཆད་ཉན་རྩོམ་པ་གདོང་ལྔའི་ཁྲི་འཕང་རྩེར། སྔོན་སྦྱངས་མེས་པོའི་ལུང་གིས་ཆེར་བཏོན་པའི། བོན་འཁོར་བསྒྱུར་རྒྱལ་རིན་ཆེན་འོད་ཟེར་གྱིས། དབང་ཆེན་བསྙེན་སྒྲུབ་ལས་སྡེ་རེ་རེ་ལ། དོན་ལྔ་གསལ་བའི་ཡིག་ཆུང་མེ་ལོང་རེ། གནང་ཡང་ཞིང་འདིར་མ་མཇལ་ཁོ་བོ་ཡིས། གང་གི་མན་ངག་གནད་ཀྱི་སྒྲོན་མ་ལས། ཏིང་འཛིན་རིམ་པ་འདི་ལྟར་བྱ་གསུངས་པ། ཕྱོགས་ཙམ་འདུག་པ་དེ་ཀ་གཞིར་བཞག་ནས། རྫོགས་པ་ཆེན་པོ་རྣལ་འབྱོར་ཉམས་ལེན་དུས། སྤྲོས་ཏེ་བརྩམས་ལ་ཉེས་པར་ནོངས་གྱུར་ན། དཔལ་ལྡན་རྩ་རྒྱུད་བླ་མའི་ཚོགས་རྣམས་དང་། དཀྱིལ་འཁོར་རྩ་བའི་ཡི་དམ་གཙོ་འཁོར་བཅས། དམ་ཚིག་ཏིང་འཛིན་མཁའ་འགྲོའི་ཚོགས་ལ་བཤགས། རྣམ་དཀར་ལས་སྨོན་སྟོན་ཟླའི་རྗེས་བསྙེག་ཤོག་རྒྱལ་བའི་མིང་གིས་ཤེལ་བྲག་ཞོལ་འདབས་སུ། སྦྱར་བས་རྗེས་འཇུག་བློ་གྲོས་ཀུན་དྷའི་ཚལ། བཞད་ནས་རྒྱལ་བསྟན་ཞབས་འདེགས་མཆོད་རྫས་སུ། ཕ་རོལ་དཀར་པོའི་ཚལ་ཆེན་རྒྱས་འགྱུར་ཅིག། de ltar brtsams tshul ni/ ring lugs bon gyi mtha'i rgyal khams dbus/ 'chad nyan rtsom pa gdong lnga'i khri 'phang rtser/ sngon sbyangs mes po'i lung gis cher bton pa'i/ bon 'khor bsgyur rgyal rin chen 'od zer gyis/ dbang chen bsnyen sgrub las sde re re la/ don lnga gsal ba'i yig chung me long re/ gnang yang zhing 'dir ma mjal kho bo yis/ gang gi man ngag gnad kyi sgron ma las/ ting 'dzin rim pa 'di ltar bya gsungs pa/ phyogs tsam 'dug pa de ka gzhir bzhag nas/ rdzogs pa chen po rnal 'byor nyams len dus/ spros te brtsams la nyes par nongs gyur na/ dpal ldan rtsa rgyud bla ma'i tshogs rnams dang / dkyil 'khor rtsa ba'i yi dam gtso 'khor bcas/ dam tshig ting 'dzin mkha' 'gro'i tshogs la bshags/ rnam dkar las smon ston zla'i rjes bsnyeg shog rgyal ba'i ming gis shel brag zhol 'dabs su/ sbyar bas rjes 'jug blo gros kun d+ha'i tshal/ bzhad nas rgyal bstan zhabs 'degs mchod rdzas su/ pha rol dkar po'i tshal chen rgyas 'gyur cig/