Colophon བརྩམས་ཚུལ་ནི། གངས་ཅན་འགྲོ་བའི་གཙུག་གི་ནོར་བུའི་ཏོག་རྒྱལ་བསྟན་ཉིན་མོར་བྱེད་པའི་གཉེན་གཅིག་པོ། རིན་ཆེན་འོད་ཀྱིས་སྤྱི་སྤུངས་ཆ་ལག་སོགས། ཨུད་པལ་ཚལ་ཆེན་རྒྱས་ཀྱང་འདིར་མ་སྨིན། དེ་ཚེ་ལྡུམ་རའི་ཡལ་ག་ལ་འབད་ནས། པད་ཚལ་བསྐྱེད་བློ་ཅལ་ཅོལ་རྩོམ་པ་པོ། རྒྱལ་བ་ཚུལ་ཞེས་འབོད་པ་ཨང་སྟེར་མཁན། གང་དེས་རྣམ་གཡེང་ལ་བྲོས་རི་བོའི་མགོར། དབེན་པའི་གནས་སུ་སྦྱར་བས་བདག་འདྲ་ཡི། བློ་ཆུང་རྗེས་འཇུག་རྣ་བའི་རྒྱན་ཆ་རུ། དབང་ཆེན་སྒྲུབ་ལ་མོས་བློས་རྟག་ཏུ་མཆོང་(ཆོངས)། དགེ་དེས་རྒྱལ་བསྟན་ཞབས་ནས་འདེགས་གྱུར་ཅིག། brtsams tshul ni/ gangs can 'gro ba'i gtsug gi nor bu'i tog rgyal bstan nyin mor byed pa'i gnyen gcig po/ rin chen 'od kyis spyi spungs cha lag sogs/ ud pal tshal chen rgyas kyang 'dir ma smin/ de tshe ldum ra'i yal ga la 'bad nas/ pad tshal bskyed blo cal col rtsom pa po/ rgyal ba tshul zhes 'bod pa ang ster mkhan/ gang des rnam g.yeng la bros ri bo'i mgor/ dben pa'i gnas su sbyar bas bdag 'dra yi/ blo chung rjes 'jug rna ba'i rgyan cha ru/ dbang chen sgrub la mos blos rtag tu mchong (chongs)/ dge des rgyal bstan zhabs nas 'degs gyur cig/