Colophon འདི་ལྟར་བརྩམས་ཚུལ་ནི། རབ་དཀར་ཅོད་པན་འཆང་བའི་གཙུག་གི་ཏོག་གངས་རིའི་ར་བའི་ཁྱོན་དུ་ཉིན་མོའི་མགོན། རིན་ཆེན་འོད་ཀྱིས་སྣང་བས་གསལ་བྱས་པའི། ཡིག་ཆུང་མ་རྙེད་མུན་པས་བཙེས་པའི་སྐབས། ཏིང་འཛིན་སྒྲོན་མའི་འོད་ཙམ་སྤྲོས་པ་པོ། རྒྱལ་བ་ཚུལ་ཁྲིམས་མཐའ་ཅན་གང་དེ་ཡིས། གཡུང་དྲུང་རི་ཁྲོད་གནས་སུ་བརྩམས་འདི་ལ། དགེ་བ་ཆ་ཙམ་མཆིས་པར་གྱུར་སྲིད་ན། བདག་འདྲ་སློབ་མའི་ལིང་ཐོག་རབ་བསལ་ནས། བསྟན་པ་རིན་པོ་ཆེ་ཡི་ཞབས་འདེགས་སུ། མཆིས་པར་གྱུར་ཅིག་སརྦ་མངྒལཾ།། 'di ltar brtsams tshul ni/ rab dkar cod pan 'chang ba'i gtsug gi tog gangs ri'i ra ba'i khyon du nyin mo'i mgon/ rin chen 'od kyis snang bas gsal byas pa'i/ yig chung ma rnyed mun pas btses pa'i skabs/ ting 'dzin sgron ma'i 'od tsam spros pa po/ rgyal ba tshul khrims mtha' can gang de yis/ g.yung drung ri khrod gnas su brtsams 'di la/ dge ba cha tsam mchis par gyur srid na/ bdag 'dra slob ma'i ling thog rab bsal nas/ bstan pa rin po che yi zhabs 'degs su/ mchis par gyur cig sarba mang+galaM//