མེ་སྟོན་རྣལ་འབྱོར་ཉི་མ་རྒྱལ་མཚན་གྱི་སྐྱེས་རབས་གསོལ་འདེབས་ཐར་པའི་སྐས་ལམ me ston rnal 'byor nyi ma rgyal mtshan gyi skyes rabs gsol 'debs thar pa'i skas lam
མེ་སྟོན་རྣལ་འབྱོར་ཉི་མ་རྒྱལ་མཚན་གྱི་སྐྱེས་རབས་གསོལ་འདེབས་ཐར་པའི་སྐས་ལམ me ston rnal 'byor nyi ma rgyal mtshan gyi skyes rabs gsol 'debs thar pa'i skas lam Bkt
Bkt217.9
མེ་སྟོན་རྣལ་འབྱོར་ཉི་མ་རྒྱལ་མཚན་གྱི་སྐྱེས་རབས་གསོལ་འདེབས་ཐར་པའི་སྐས་ལམ me ston rnal 'byor nyi ma rgyal mtshan gyi skyes rabs gsol 'debs thar pa'i skas lam
Location
set MW30498: volume zab mo sku gsum bcud dril gyi khrid gzhung - folios 1a1-4b5
Colophon བདག་ཅག་གང་ཟག་ཉོན་མོངས་ལུས་ཅན་གྱིས། རིག་པའི་ཡེ་ཤེས་ཉི་ཟླ་ཟང་ཐལ་ལ། དཔག་མེད་ཉོན་ཤེས་སྒྲིབ་པའི་སྤྲིན་གྱི་(གྱིས་བསྒྲིབས)། ལྗི་བ་བཞི་ཡི་དཀོར་གྱི་མུན་པས་འཐིབ། ཉིང་འཁྲུལ་རྟོག་པའི་སྣང་བ་རབ་རིབ་ལ། ལས་ངན་བག་ཆགས་ས་གཞིའི་རྡུལ་གྲངས་ཙམ། བཟང་པོའི་བག་ཆགས་ནམ་མཁའི་སྦྲང་ཆར་ཙམ། དེ་དེ་བཞིན་བཟང་ངན་སྐྱེ་ལུས་ནི། མིང་གི་བརྗོད་བྱ་གྲངས་མེད་གྲངས་འདས་ཤིང་། སྔ་ཕྱི་སྐྱེས་རབས་བསྟོད་འོས་མ་གསལ་ཡང་། ས་གསུམ་རིག་འཛིན་བདེ་ཆེན་གླིང་པ་སོགས། མཁྱེན་པའི་སྤྱན་ལྡན་རྣམས་ཀྱི་བཀའ་ལུང་དང་། སྲིད་གསུམ་སྒྲོན་མེ་སྤྲུལ་སྐུ་རྣམས་བཞི་སོགས། རིག་འཛིན་མཁའ་འགྲོའི་གསང་ལུང་ཐ་དག་ལ། ཟུར་ཙམ་གསལ་བ་རྣམས་ལ་གཙོར་བཞག་ནས། མེ་སྟོན་གང་དེའི་(དེས)་མཐོང་གྲོལ་ཁྲོད་དུ་སྦྱར། རང་ཁེང་ཉེས་ཚོགས་བླ་མ་ལྷ་ལ་བཤགས། རྣམ་དཀར་དགེ་ཚོགས་མཐའ་ཡས་འགྲོ་ལ་བསྔོ། མངོན་མཐོ་ངེས་ལེགས་མངོན་བྱང་སར་འགོད་ཤོག། bdag cag gang zag nyon mongs lus can gyis/ rig pa'i ye shes nyi zla zang thal la/ dpag med nyon shes sgrib pa'i sprin gyi (gyis bsgribs)/ lji ba bzhi yi dkor gyi mun pas 'thib/ nying 'khrul rtog pa'i snang ba rab rib la/ las ngan bag chags sa gzhi'i rdul grangs tsam/ bzang po'i bag chags nam mkha'i sbrang char tsam/ de de bzhin bzang ngan skye lus ni/ ming gi brjod bya grangs med grangs 'das shing / snga phyi skyes rabs bstod 'os ma gsal yang / sa gsum rig 'dzin bde chen gling pa sogs/ mkhyen pa'i spyan ldan rnams kyi bka' lung dang / srid gsum sgron me sprul sku rnams bzhi sogs/ rig 'dzin mkha' 'gro'i gsang lung tha dag la/ zur tsam gsal ba rnams la gtsor bzhag nas/ me ston gang de'i (des) mthong grol khrod du sbyar/ rang kheng nyes tshogs bla ma lha la bshags/ rnam dkar dge tshogs mtha' yas 'gro la bsngo/ mngon mtho nges legs mngon byang sar 'god shog/