Catalog entry rKTs-B7076
སྐུ་གསུམ་དགོངས་པ་འདུས་པ་རིག་འཛིན་གསང་བའི་སྒྲུབ་པ་བདུད་རྩི་ར་ས་ཡ་ནའི་དཀར་ཆག
sku gsum dgongs pa 'dus pa rig 'dzin gsang ba'i sgrub pa bdud rtsi ra sa ya na'i dkar chag




Bkt212.52

སྐུ་གསུམ་དགོངས་པ་འདུས་པ་རིག་འཛིན་གསང་བའི་སྒྲུབ་པ་བདུད་རྩི་ར་ས་ཡ་ནའི་དཀར་ཆག
sku gsum dgongs pa 'dus pa rig 'dzin gsang ba'i sgrub pa bdud rtsi ra sa ya na'i dkar chag


Location
set MW30498: volume rig 'dzin sku gsum dgongs pa - folios 1a1-8b2

Colophon
ཞེས་སྙིགས་དུས་གསོ་བའི་དཔའ་བོ། ངེས་མེད་སྲིད་པའི་རྒྱལ་ཁམས་པ། རིག་འཛིན་པདྨ་བདུད་འདུལ་ལས་རབ་རྩལ་དེའི་(དེས།)སྤ་ཚང་གཡུང་དྲུང་རབ་བརྟན་གླིང་ནས། མཛེས་བྱེད་ཞེས་པ་ཁྲུམ་ཟླའི་འབྲས་ལྡན་སྨིན་དུས། ཉེས་སྐྱོན་ཁམས་ཀྱི་འཛིན་པའི་ཉི་ཤར་དུ། སྤ་བཙུན་གྲུབ་པའི་ཁྱུ་མཆོག་སུརྻ་ཁ་རིས་བཀའ་ཡི་བདུད་རྩིའི་རོ་ལ་ལོངས་སུ་སྤྱོད་དེ་བགྱིས་པས། དྲུང་ཡིག་སེང་ཧ་ཉི་རིའི་མཐོ་ཕྱོགས་སྤྱི་བོར་བླངས་ཏེ་སུག་བྲིས་བྱས་པའི་དགེ་བའི་ལེགས་ཚོགས་ཀྱིས། རྒྱལ་བསྟན་མི་ནུབ་སྲིད་པའི་རྒྱལ་མཚན་མངོན་པར་མཐོ་ཞིང་བསྟན་འཛིན་སྐྱེས་མཆོག་དགེ་འདུན་འདུས་པའི་སྡེ་རྣམས། རྒྱ་མཚོའི་གོས་ཅན་དུ་ཁྱབ་སྟེ། སྐུ་ཚེ་དང་འཕྲིན་ལས་ཐམས་ཅད་འབྱུང་ལྔ་མ་ཟད་བར་དུ་དེ་སྲིད་རྒྱས་པར་གྱུར་ཅིག།
zhes snyigs dus gso ba'i dpa' bo/ nges med srid pa'i rgyal khams pa/ rig 'dzin pad+ma bdud 'dul las rab rtsal de'i (des/)spa tshang g.yung drung rab brtan gling nas/ mdzes byed zhes pa khrum zla'i 'bras ldan smin dus/ nyes skyon khams kyi 'dzin pa'i nyi shar du/ spa btsun grub pa'i khyu mchog sur+Ya kha ris bka' yi bdud rtsi'i ro la longs su spyod de bgyis pas/ drung yig seng ha nyi ri'i mtho phyogs spyi bor blangs te sug bris byas pa'i dge ba'i legs tshogs kyis/ rgyal bstan mi nub srid pa'i rgyal mtshan mngon par mtho zhing bstan 'dzin skyes mchog dge 'dun 'dus pa'i sde rnams/ rgya mtsho'i gos can du khyab ste/ sku tshe dang 'phrin las thams cad 'byung lnga ma zad bar du de srid rgyas par gyur cig/


Additional miscellaneous Collections

Mongolian Canon


source rKTs &