སངས་རྒྱས་རྒྱུད་གསུམ་དབང་གི་རེག་ཟིག་བུས་པ་སྤྲོ་བའི་སྦྲང་རྩི sangs rgyas rgyud gsum dbang gi reg zig bus pa spro ba'i sbrang rtsi
སངས་རྒྱས་རྒྱུད་གསུམ་དབང་གི་རེག་ཟིག་བུས་པ་སྤྲོ་བའི་སྦྲང་རྩི sangs rgyas rgyud gsum dbang gi reg zig bus pa spro ba'i sbrang rtsi Bkt
Bkt192.19
སངས་རྒྱས་རྒྱུད་གསུམ་དབང་གི་རེག་ཟིག་བུས་པ་སྤྲོ་བའི་སྦྲང་རྩི sangs rgyas rgyud gsum dbang gi reg zig bus pa spro ba'i sbrang rtsi
Location
set MW30498: volume mkhas grub rin blo'i rnam thar - folios 1a1-16a4
Colophon གཞུང་ལུགས་འདི་སོགས་དུ་མར་གཟིགས་པའི་སྤྱན་དཀྱུས་མི་ཐུང་ཞིང་། བསིལ་ལྗོངས་འདིར་འགྲན་ཟླ་དང་བྲལ་བའི་མཧཱ་པཎ་ཊི་ཏ་ཅན་ཆེན་པོ་བསོད་ནམས་བསྟན་རྒྱལ་གྱིས་མཛད་པའི་དབང་བཞིའི་ཟིན་མཐུན་རྟགས་བརྒྱད་བཀྲ་བའི་རེ་ཁ་སོགས་བཞུགས་པར་ཉི་མའི་དཀྱིལ་འཁོར་ལ་སྲིན་བུ་མེ་ཁྱེར་གྱིས་གསལ་ཆ་སྒྲོན་མི་དགོས་ནའང་ཧ་ཅང་རྒྱས་འགྲེལ་ལྟར་ཚིག་ཚོགས་ཤིན་ཏུ་མང་ཞིང་། དེང་དུས་ཀྱི་གང་ཟག་བྱིས་པའི་བློ་ཅན་སྙན་ཚིག་རིག་པ་སོགས་ལ་མ་སྦྲངས་པ་རྣམས་ཀྱི་ཤིན་ཏུ་གོ་དཀའ་ཞིང་མགོ་འཁོར་བའི་གནས་སུ་འགྱུར་བས། ཚིག་ཉུང་ལ་དོན་མཐུན་པའི་དབང་བཞིའི་རེག་ཟིན་བུས་པ་སྤྲོ་བའི་སྦྲང་རྩི་ཞེས་བྱ་བ་འདི་ནི། གཞུང་ལུགས་འདིའི་དོན་ལ་བློ་ཁ་ཕྱོགས་པའི་མདོ་ཁམས་སྨད་ཀྱི་ལྡོམ་བུ་བ། གཡུང་དྲུང་བསྟན་འཛིན་ཚུལ་ཁྲིམས་ཀྱིས་རང་འདྲའི་བློ་ཆུང་རྣམས་ལ་ཕན་སྙམ་གྱིས་ཀུན་ནས་བསླང་སྟེ་སྙན་ཚིག་ཟློས་གར་བརྡའ་གསར་རྙིང་སོགས་ཀྱིས་མ་བསྒྲིབས་པར་ཚིག་ཙམ་གྱིས་དོན་བདེ་བླག་ཏུ་རྟོགས་པ་བགྱིས་ཤིང་། ལྷག་པར་སྙིགས་དུས་འགྲོ་བའི་དཔུང་གཉེན་དམ་པའི་ཡང་སྲིད་ལ་འཁྲུལ་བའི་དྲི་མ་དང་བྲལ་བའི་མཚན་སྙན་གྱི་གཟིས་ཀྱང་འགྲོ་བའི་དུཿ་ཁ་བསྲིང་བར་བྱེད་པའི་མཚུངས་མེད་དམ་པ་རིན་པོ་ཆེ་ཁྲི་གཙུག་བསྟན་འཛིན་གྱིས་བཀའ་ཡི་ཅོད་པན་ཡན་ལག་དམ་པའི་ཟུར་ཕུད་དུ་བཟུང་ཞིང་དང་ར་གཡུ་བུན་གྱི་གནས་སུ་སུག་བྲིས་བགྱིས་པ་མུ་ཙུག་སྨར།། gzhung lugs 'di sogs du mar gzigs pa'i spyan dkyus mi thung zhing / bsil ljongs 'dir 'gran zla dang bral ba'i mahA paN Ti ta can chen po bsod nams bstan rgyal gyis mdzad pa'i dbang bzhi'i zin mthun rtags brgyad bkra ba'i re kha sogs bzhugs par nyi ma'i dkyil 'khor la srin bu me khyer gyis gsal cha sgron mi dgos na'ang ha cang rgyas 'grel ltar tshig tshogs shin tu mang zhing / deng dus kyi gang zag byis pa'i blo can snyan tshig rig pa sogs la ma sbrangs pa rnams kyi shin tu go dka' zhing mgo 'khor ba'i gnas su 'gyur bas/ tshig nyung la don mthun pa'i dbang bzhi'i reg zin bus pa spro ba'i sbrang rtsi zhes bya ba 'di ni/ gzhung lugs 'di'i don la blo kha phyogs pa'i mdo khams smad kyi ldom bu ba/ g.yung drung bstan 'dzin tshul khrims kyis rang 'dra'i blo chung rnams la phan snyam gyis kun nas bslang ste snyan tshig zlos gar brda' gsar rnying sogs kyis ma bsgribs par tshig tsam gyis don bde blag tu rtogs pa bgyis shing / lhag par snyigs dus 'gro ba'i dpung gnyen dam pa'i yang srid la 'khrul ba'i dri ma dang bral ba'i mtshan snyan gyi gzis kyang 'gro ba'i duH kha bsring bar byed pa'i mtshungs med dam pa rin po che khri gtsug bstan 'dzin gyis bka' yi cod pan yan lag dam pa'i zur phud du bzung zhing dang ra g.yu bun gyi gnas su sug bris bgyis pa mu tsug smar//