Catalog entry rKTs-B6520
བརྡ་སྤྲོད་བྱ་ཀ་ར་ཎའི་འགྲེལ་པ་ཀུན་སྣང་གསལ་བའི་སྒྲོན་མེ
brda sprod bya ka ra Na'i 'grel pa kun snang gsal ba'i sgron me




Bkt187.1

བརྡ་སྤྲོད་བྱ་ཀ་ར་ཎའི་འགྲེལ་པ་ཀུན་སྣང་གསལ་བའི་སྒྲོན་མེ
brda sprod bya ka ra Na'i 'grel pa kun snang gsal ba'i sgron me


Location
set MW30498: volume brda sprod rtsa rgyud dag yig bcas - folios 1a1-128b6

Colophon
ཞེས་ཁོར་ཡུག་གངས་ཀྱི་ར་བའི་འདྲེན་པ་གཅིག་པུ་བ་མཁས་དབང་ཐུ་མི་སམྦྷོ་ཊས་ལེགས་པར་གསུངས་པའི་བསྟན་བཅོས་ཆེན་པོ་འདི་ཉིད་ལ། སྔོན་ནས་འགྲེལ་བཤད་མཛད་པ་པོ་ཆེས་མང་བར་གྱུར་པའི་དར་ཞིང་རྒྱས་པར་ཡོད་མོད་ནའང་། སྟོན་པའི་བསྟན་པ་གསུང་རབ་རིན་པོ་ཆེ་དག་པར་བྱེད་པ་ལ་འབད་རྩོལ་མངའ་བ་དེ་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་དྲིན་དུ་གཟོ་བ་ཡིན་བཞིན། འདི་ཉིད་ལ་ཐོས་བསམ་རྣམ་དག་གི་སྒོ་ནས་གཏན་ལ་འབེབ་པའི་བྱ་བ་ཁོ་ན་ལ་བརྩོན་པ་གལ་ཆེ་བར་ཡིད་ལ་ཤིན་ཏུ་འཕྲིང་བ་དང*། ཉེ་བར་རིག་པའི་གནས་གང་ལའང་ལྗགས་རིང་པོར་བརྐྱང་འདོད་ཐུགས་སུ་བྱོན་པའི་རང་དབོན་སངས་རྒྱས་རིན་ཆེན་དཔལ་བཟང་པོའི་བཀའ་རྩལ་(སྩལ)་ནོར་བུའི་འཕྲེང་བས་བསྐྱལ་བའི་རྟིང་ནོན་དུ། ཤར་རྒྱལ་མོ་རྒྱའི་རོང་ཆེན་གྱི་ཐ་གྲུར་འཁོད་པའི་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་གི་ནང་ཚན་ས་ཡི་དབང་ཕྱུག་ཆེན་པོ་ཆུ་ཆེན་རབ་བརྟན་རྒྱལ་པོ་ནམ་མཁའ་རྒྱལ་པོའི་གསུང་གིས་བསྐུལ་བཞིན། མཁའ་མཉམ་འགྲོ་བའི་བླ་མ་སྤྲུལ་སྐུ་སངས་རྒྱས་གླིང་པ་བྱང་ཆུབ་སྙིང་པོ་བདེ་བའི་རྡོ་རྗེ་ཅན་གྱི་ལུང་གིས་སྐྱོང་(བསྐྱངས)་བའི་རིག་འཛིན་ཀུན་གྲོལ་གྲགས་པའི་དཔལ་དུ་འབོད་པ་བདག་གིས། སྔོན་བྱོན་མཁས་གྲུབ་དུ་མས་མཛད་པའི་འགྲེལ་རྩོམ་ཅུང་ཟད་འདྲ་ལ་མི་འདྲ་བ་ཉི་ཤུ་རྩ་གཅིག་གི་སྙིང་པོ་རྣམ་གླིང་པཎ་ཆེན་གྱི་(གྱིས)་མཛད་པ་ལ་སྡེ་སྲིད་མི་ཡི་དབང་པོའི་(པོས)་གསལ་བྱེད་དུ་བཀོད་པའི་འགྲེལ་པ་སྣང་བྱེད་ནོར་བུ་ནས་ལེགས་ཆ་བླངས། རང་བློས་གང་དཔོགས་ཀྱི་ལེགས་པར་བཤད་པའི་ཟུར་བརྒྱན་ནས་དཔེར་བརྗོད་སོགས་འདྲི་བའི་སྐྱོ་དུབ་རས་སུ་བོར་ཞིང་ཞེས་བྱ་བ་འདི། རང་ལོ་ལྔ་བཅུ་རྩ་དགུ་པ་སམ་སྐྲྀ་ཏའི་སྐད་དུ་བ་ཧུ་དྷ་འཕགས་ཡུལ་གྱི་སྐད་དུ་འབྲུ་མང་པོ་མ་ཧཱ་ཙི་ནའི་སྐད་དུ་བཀླག་པ་ཙམ་གྱིས་བདེ་བླག་ཏུ་རྟོགས་པའི་གཞན་ཕན་གྱི་བློ་འབའ་ཞིག་གི་སྒོ་ནས་འགྲེལ་པ་ཀུན་སྣང་གསལ་བའི་སྒྲོན་མེ་ཝུ་ཡིན་དབང་ཐང་དང་བསྟུན་པའི་མིང་དུ་ས་ཕོ་སྟག་གི་གནམ་ལོ་ཤར་བའི་ཚེ། ཤར་རྒྱལ་མོ་ཆུ་ཆེན་གྱི་ཞིང་ཁམས་རི་ཁྲོད་ཛྙ་ན་ཙ་རི་རུ་སྒོ་གསུམ་བཅད་རྒྱ་དམ་པོའི་རླུང་སེམས་ཟུང་འཇུག་གི་ཉམས་ལེན་ལ་བརྩོན་པའི་ཐུན་མཚམས་སུ་སྦྱར་བ་བསྟན་པ་རིན་པོ་ཆེའི་རྒྱན་དུ་གྱུར་ཅིག།
zhes khor yug gangs kyi ra ba'i 'dren pa gcig pu ba mkhas dbang thu mi sam+b+ho Tas legs par gsungs pa'i bstan bcos chen po 'di nyid la/ sngon nas 'grel bshad mdzad pa po ches mang bar gyur pa'i dar zhing rgyas par yod mod na'ang / ston pa'i bstan pa gsung rab rin po che dag par byed pa la 'bad rtsol mnga' ba de nyid sangs rgyas kyi bstan pa la drin du gzo ba yin bzhin/ 'di nyid la thos bsam rnam dag gi sgo nas gtan la 'beb pa'i bya ba kho na la brtson pa gal che bar yid la shin tu 'phring ba dang*/ nye bar rig pa'i gnas gang la'ang ljags ring por brkyang 'dod thugs su byon pa'i rang dbon sangs rgyas rin chen dpal bzang po'i bka' rtsal (stsal) nor bu'i 'phreng bas bskyal ba'i rting non du/ shar rgyal mo rgya'i rong chen gyi tha grur 'khod pa'i gdung rgyud rgyal po sde drug gi nang tshan sa yi dbang phyug chen po chu chen rab brtan rgyal po nam mkha' rgyal po'i gsung gis bskul bzhin/ mkha' mnyam 'gro ba'i bla ma sprul sku sangs rgyas gling pa byang chub snying po bde ba'i rdo rje can gyi lung gis skyong (bskyangs) ba'i rig 'dzin kun grol grags pa'i dpal du 'bod pa bdag gis/ sngon byon mkhas grub du mas mdzad pa'i 'grel rtsom cung zad 'dra la mi 'dra ba nyi shu rtsa gcig gi snying po rnam gling paN chen gyi (gyis) mdzad pa la sde srid mi yi dbang po'i (pos) gsal byed du bkod pa'i 'grel pa snang byed nor bu nas legs cha blangs/ rang blos gang dpogs kyi legs par bshad pa'i zur brgyan nas dper brjod sogs 'dri ba'i skyo dub ras su bor zhing zhes bya ba 'di/ rang lo lnga bcu rtsa dgu pa sam skr-i ta'i skad du ba hu d+ha 'phags yul gyi skad du 'bru mang po ma hA tsi na'i skad du bklag pa tsam gyis bde blag tu rtogs pa'i gzhan phan gyi blo 'ba' zhig gi sgo nas 'grel pa kun snang gsal ba'i sgron me wu yin dbang thang dang bstun pa'i ming du sa pho stag gi gnam lo shar ba'i tshe/ shar rgyal mo chu chen gyi zhing khams ri khrod dz+nya na tsa ri ru sgo gsum bcad rgya dam po'i rlung sems zung 'jug gi nyams len la brtson pa'i thun mtshams su sbyar ba bstan pa rin po che'i rgyan du gyur cig/


Additional miscellaneous Collections

Mongolian Canon


source rKTs &