Colophon འདིར་ཟབ་མོ་རྒྱ་མཚོའི་གཏིང་དཔག་པར་དཀའ་བ། ངེས་དོན་གྱི་གསུང་རབ་མདོ་སྟོང་ཕྲག་བརྒྱ་པའི་བརྗོད་པར་བྱ་བའི་དོན་བདག་གིས་སྡེ་སྣོད་ཀྱི་གྲུབ་མཐའ་སྤྱི་ལྡོག་གི་དགོངས་པ་ཡུལ་དུ་བྱས་ཏེ། མཁས་པ་རྣམས་ཀྱི་གསུང་ལ་ཅུང་ཟད་བརྟེན་པ་དང་། ངེས་དོན་གྱི་གསུང་རབ་དང་ཕན་ཚུན་གྱི་དགོངས་པ་དང་། གཞལ་བྱ་མངོན་དུ་གྱུར་པ་དང་། ལྐོག་ཏུ་གྱུར་པ་འཇལ་བྱེད་པའི་རིག་པ་གསུམ་གྱི་སྒོ་ནས། མདོ་སྟོང་ཕྲག་བརྒྱ་པའི་འགྲེལ་པ་བ་དག་གིས་བྲིས་པའི་བསོད་ནམས་གང་ཡིན་པ་དེས། བདག་དང་འགྲོ་བ་མཐའ་དག་ཀྱང་བླ་ན་མེད་པའི་འབྲས་བུ་ཉིད་ཐོབ་པར་གྱུར་ཅིག་ངེས་དོན་གྱི་གསུང་རབ་འདིའི་དོན་ཡོངས་སུ་དཔག་པར་དཀའ་བ་དང་། སོ་སོའི་སྐྱེ་བོ་གསར་པ་རྣམས་ནི་བློ་ཡི་ཐུན་མོང་བརྟུལ་བའི་ཕྱིར་བདག་གིས་འབད་པའི་དོན་ལ་གལ་ཏེ་འགལ་བར་གྱུར་པ་གང་ཡིན་པ་ནི་ཡུལ་དམ་པ་རྣམས་ལ་བཟོད་པར་གསོལ་ལོ། བློ་གསལ་བའི་མཆོག་ཏུ་གྱུར་ཅིང་མང་དུ་ཐོས་པའི་གཤེན་གྱི་དྲང་སྲོང་ཚུལ་ཁྲིམས་དཔལ་ཆེན་ཞེས་བྱ་བས་སྦྱར་བ། ཁམས་བརྒྱད་ཀྱི་འགྲེལ་བ་ཚར་རོ།། དགེའོ།། 'dir zab mo rgya mtsho'i gting dpag par dka' ba/ nges don gyi gsung rab mdo stong phrag brgya pa'i brjod par bya ba'i don bdag gis sde snod kyi grub mtha' spyi ldog gi dgongs pa yul du byas te/ mkhas pa rnams kyi gsung la cung zad brten pa dang / nges don gyi gsung rab dang phan tshun gyi dgongs pa dang / gzhal bya mngon du gyur pa dang / lkog tu gyur pa 'jal byed pa'i rig pa gsum gyi sgo nas/ mdo stong phrag brgya pa'i 'grel pa ba dag gis bris pa'i bsod nams gang yin pa des/ bdag dang 'gro ba mtha' dag kyang bla na med pa'i 'bras bu nyid thob par gyur cig nges don gyi gsung rab 'di'i don yongs su dpag par dka' ba dang / so so'i skye bo gsar pa rnams ni blo yi thun mong brtul ba'i phyir bdag gis 'bad pa'i don la gal te 'gal bar gyur pa gang yin pa ni yul dam pa rnams la bzod par gsol lo/ blo gsal ba'i mchog tu gyur cing mang du thos pa'i gshen gyi drang srong tshul khrims dpal chen zhes bya bas sbyar ba/ khams brgyad kyi 'grel ba tshar ro// dge'o//