Catalog entry rKTs-B6424
བོན་རང་ལུགས་ཀྱི་ཁྲིད་གཞུང་དུ་མ་ལས་བཏུས་པའི་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ
bon rang lugs kyi khrid gzhung du ma las btus pa'i byang chub lam gyi rim pa'i dmigs khrid gshen bstan gsal ba'i sgron me




Bkt184.1

བོན་རང་ལུགས་ཀྱི་ཁྲིད་གཞུང་དུ་མ་ལས་བཏུས་པའི་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ
bon rang lugs kyi khrid gzhung du ma las btus pa'i byang chub lam gyi rim pa'i dmigs khrid gshen bstan gsal ba'i sgron me


Location
set MW30498: volume rme'u'i khams 'grel dang lam khrid - folios 1a1-151b2

Colophon
ཅེས་བྱང་ཆུབ་ལམ་གྱི་རིམ་པའི་དམིགས་ཁྲིད་གཤེན་བསྟན་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། རང་དང་སྐལ་མཉམ་གཞན་ལ་ཡང་ཕན་འདོད་ཀྱི་བསམ་པས་འདི་འདྲ་ཞིག་འབྲི་འདུན་སྔ་སོ་ནས་ཡོད་པར་མ་ཟད། རང་ལ་བོན་གྱི་བཀའ་དྲིན་རྩོལ་བའི་རྩ་བའི་དཔོན་གསས་དམ་པ་གདུང་ལེགས་སྤྲལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་ཅིས་ཀྱང་གསུང་ནན་ཆེན་པོས་སྔ་ཕྱི་ཡང་ཡང་བསྐུལ་བ་དང*། ཉེ་ཆར་སྐྱབས་རྗེ་མཆོག་གི་སྤྲུལ་པའི་སྐུ་བསྟན་འཛིན་འཆི་མེད་དབང་པོ་དང་། སྒྲུབ་གྲཝ་པ་དྲང་སྲོང་ངག་དབང་ཚུལ་ཁྲིམས། ཚུལ་ཁྲིམས་གཡུང་དྲུང་། བཟོད་པ་རྒྱལ་མཚན། ཚུལ་ཁྲིམས་ཕུན་ཚོགས། གཡུང་དྲུང་རྒྱལ་མཚན་རྣམས་ནས་ཀྱང་མགྲིན་གཅིག་ཏུ་སྔ་ཕྱི་ལན་གྲངས་དུ་མར་བསྐུལ་བ་དང*། ཁྱད་པར་བསྟན་སྦྱིན་ས་ཡི་ཚངས་པ་ཆེན་པོ་ཁྲོ་ཆེན་རྒྱལ་པོའི་སྐུ་སྲས་ནང་སོ་ཚེ་དབང་ནོར་འཛིན་རིན་པོ་ཆེས་ཀྱང་དངོས་འབུལ་སྤམ་མཐོ་བ་བཅས་བསྐུལ་མ་ནན་ཆེར་མཛད་པའི་ངོར། རྗེ་བཙུན་བླ་མ་དམ་པ་མཁྱེན་པ་དང་བརྩེ་བའི་ཐུགས་རྗེ་ཆེན་པོ་དང་ལྡན་པས་རྩོད་དུས་ཀྱི་སངས་རྒྱས་གཉིས་པར་བསྔགས་པར་འོས་པ་འགྲོ་བའི་མགོན་པོ་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་དང་། གཞན་ཡང་གང་གི་རྣམ་པར་རོལ་པའི་དགེ་བའི་བཤེས་གཉེན་མཚན་དོན་མཐུན་པ་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་པའི་བཀའ་དྲིན་ལས། ལམ་འདིའི་ཟབ་ཁྲིད་ཡང་ཡང་ཐོབ་པའི་གཤེན་གྱི་དགེ་སྦྱོང་བ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་ནམ་མཚན་གཞན་ཕན་བློ་གྲོས་རྒྱ་མཚོར་འབོད་པས་བྱང་ཆུབ་སྒྲུབ་ཐབས་ཀྱི་བོན་བཀའ་བརྟེན་སུམ་བརྒྱ་པ་དང་དེའི་འགྲེལ་བཤད་ཁུངས་ལྡན་རྣམས་གཞིར་བྱས། སྡེ་སྣོད་རིན་པོ་ཆེའི་མཛོད་དང་བྱང་སེམས་བསླབ་བྱ་བརྒྱ་རྩ་པ་དང་ལྔ་བཅུ་པ་སྐྱབས་འགྲོ་ཉི་ཤུ་པ་རྩ་འགྲེལ་རྣམས་དང*། ཨ་ཁྲིད་ཀྱི་སྔོན་འགྲོའི་ཁྲིད་རིམ་བཀའ་ལུང་རྒྱ་མཚོ་སོགས་ཁྲིད་གཞུང་དུ་མའི་ལེགས་ཆས་ཀྱང་ཟུར་བརྒྱན་ཏེ། ལམ་འདིའི་ཤིང་རྟ་བ་ཆེན་པོ་རྗེ་བཙུན་ཡར་མེ་ཤེར་འོད་སྐུ་བལྟམས་ནས། ལོ་བརྒྱད་བརྒྱ་དང་དོན་བདུན་ཅུ་དོན་གཅིག་འདས་པ། རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ལོར་དབུ་བཙུག་ནས་ལྕགས་ཕོ་རྟའི་ལོའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་མཆོག་ཏུ་དགེ་བ་ལ། རྔ་ལྗོངས་བོན་གྱི་འདུས་གནས་ཆེན་པོ་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་དབེན་གནས་བསམ་གཏན་བོན་གླིང་དུ་རྫོགས་པར་སྦྱར་བ་འདི་ཡང་ཚེ་རབས་ཀུན་ཏུ་རྒྱལ་བའི་གསུང་གི་གཅེས་མཛོད་མཐའ་དག་བཟུང་སྟེ། མཁའ་ཁྱབ་འགྲོ་ལ་གཏན་བདེའི་དགའ་སྟོན་མཆོག་ཏུ་སྦྱིན་ནུས་པའི་རྒྱུར་གྱུར་ཅིག།
ces byang chub lam gyi rim pa'i dmigs khrid gshen bstan gsal ba'i sgron me zhes bya ba 'di ni/ rang dang skal mnyam gzhan la yang phan 'dod kyi bsam pas 'di 'dra zhig 'bri 'dun snga so nas yod par ma zad/ rang la bon gyi bka' drin rtsol ba'i rtsa ba'i dpon gsas dam pa gdung legs spral pa'i sku rin po che'i zhal snga nas cis kyang gsung nan chen pos snga phyi yang yang bskul ba dang*/ nye char skyabs rje mchog gi sprul pa'i sku bstan 'dzin 'chi med dbang po dang / sgrub grwa pa drang srong ngag dbang tshul khrims/ tshul khrims g.yung drung / bzod pa rgyal mtshan/ tshul khrims phun tshogs/ g.yung drung rgyal mtshan rnams nas kyang mgrin gcig tu snga phyi lan grangs du mar bskul ba dang*/ khyad par bstan sbyin sa yi tshangs pa chen po khro chen rgyal po'i sku sras nang so tshe dbang nor 'dzin rin po ches kyang dngos 'bul spam mtho ba bcas bskul ma nan cher mdzad pa'i ngor/ rje btsun bla ma dam pa mkhyen pa dang brtse ba'i thugs rje chen po dang ldan pas rtsod dus kyi sangs rgyas gnyis par bsngags par 'os pa 'gro ba'i mgon po kun mkhyen shar rdza pa bkra shis rgyal mtshan dpal bzang po dang / gzhan yang gang gi rnam par rol pa'i dge ba'i bshes gnyen mtshan don mthun pa du ma'i zhabs rdul spyi bor bsten pa'i bka' drin las/ lam 'di'i zab khrid yang yang thob pa'i gshen gyi dge sbyong ba tshul khrims bstan pa'i rgyal mtshan nam mtshan gzhan phan blo gros rgya mtshor 'bod pas byang chub sgrub thabs kyi bon bka' brten sum brgya pa dang de'i 'grel bshad khungs ldan rnams gzhir byas/ sde snod rin po che'i mdzod dang byang sems bslab bya brgya rtsa pa dang lnga bcu pa skyabs 'gro nyi shu pa rtsa 'grel rnams dang*/ a khrid kyi sngon 'gro'i khrid rim bka' lung rgya mtsho sogs khrid gzhung du ma'i legs chas kyang zur brgyan te/ lam 'di'i shing rta ba chen po rje btsun yar me sher 'od sku bltams nas/ lo brgyad brgya dang don bdun cu don gcig 'das pa/ rab byung bcu drug pa'i sa sbrul lor dbu btsug nas lcags pho rta'i lo'i cho 'phrul zla ba'i yar tshes mchog tu dge ba la/ rnga ljongs bon gyi 'dus gnas chen po smin grol bkra shis 'khyil gyi nye 'dabs dben gnas bsam gtan bon gling du rdzogs par sbyar ba 'di yang tshe rabs kun tu rgyal ba'i gsung gi gces mdzod mtha' dag bzung ste/ mkha' khyab 'gro la gtan bde'i dga' ston mchog tu sbyin nus pa'i rgyur gyur cig/


Additional miscellaneous Collections

Mongolian Canon


source rKTs &