set MW30498: volume rje yi theg 'grel dang sum brgya pa'i rnam bshad - folios 1a1-83b6
Colophon ཅེས་པ་རང་རེ་བོན་ཕྱོགས་ཀྱི་བསྟན་བཅོས་གང་རྒྱས་ཕབ་དགོས་ཞེས་མཁས་གྲུབ་ཟུང་ལྡན་སྨོན་རྒྱལ་ནམ་མཁའ་གྲགས་པའི་བཀས་བསྐུལ་སྤྱི་ཕབ་གཞིར་བཅང་། ཉེ་ཆར་དགེ་གཡུང་ཚུལ། བསྟན་ཚུལ། སྔགས་རྒྱལ་མཚན་སོགས་ཉེ་གནས་དུ་མས་རང་རེའི་རྣམ་ཐར་དང་རིག་གནས་སོགས་སྙིགས་འགྲོར་སྨན་པའི་བཀའ་འབུམ་གང་རྒྱས་མཛད་དགོས་ཞེས་ཡང་ཡང་བསྐལ་ཕྱིར། བོན་ཕྱོགས་ཀྱི་ཕྱི་ནང་གསང་ཡང་དཀྱིལ་འཁོར་གྱི་ཐིག་རྩ་རབ་འབྱམས་རིག་པའི་སྒོ་འབྱེད་ཅེས་བྱ་བ་འདི་ཉིད་གཤེན་གྱི་དྲང་སྲོང་འཇིག་མེད་ནམ་མཁའ་འམ། ག་བཙུན་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོར་འབོད་པས་ཞང་ཞུང་ཁྱུང་ཆེན་སྤུངས་རིར་གཡུང་དྲུང་རིན་འབར་ཀེའུ་ཚང་དུ། འབྱུང་ལྡན་སུམ་བརྒྱའི་ནང་ཚན་ཆུ་སྦྲུལ་ལོར་ཧོར་ཟླ་དགུ་པའི་ཚེས་བཅུའི་ཉིན་མཇུག་ཡོངས་སུ་གྲུབ་པར་བགྱིས་པས། དགེ་དེས་གྱེར་བསྟན་རྒུད་གསོའི་དཔལ་དུ་གྱུར་ཏེ་མཐའ་ཡས་མ་རྣམས་སྲིད་པའི་འཆིང་བ་ལས་གྲོལ་ཏེ་ལྷུན་གྲུབ་སྒོ་བརྒྱད་བུམ་སྐུའི་གཞི་རུ་ཡེ་སངས་རྒྱས་པའི་རྒྱུ་རུ་གྱུར་ཅིག་དགེའོ།། ces pa rang re bon phyogs kyi bstan bcos gang rgyas phab dgos zhes mkhas grub zung ldan smon rgyal nam mkha' grags pa'i bkas bskul spyi phab gzhir bcang / nye char dge g.yung tshul/ bstan tshul/ sngags rgyal mtshan sogs nye gnas du mas rang re'i rnam thar dang rig gnas sogs snyigs 'gror sman pa'i bka' 'bum gang rgyas mdzad dgos zhes yang yang bskal phyir/ bon phyogs kyi phyi nang gsang yang dkyil 'khor gyi thig rtsa rab 'byams rig pa'i sgo 'byed ces bya ba 'di nyid gshen gyi drang srong 'jig med nam mkha' 'am/ ga btsun g.yung drung rgyal mtshan dpal bzang por 'bod pas zhang zhung khyung chen spungs rir g.yung drung rin 'bar ke'u tshang du/ 'byung ldan sum brgya'i nang tshan chu sbrul lor hor zla dgu pa'i tshes bcu'i nyin mjug yongs su grub par bgyis pas/ dge des gyer bstan rgud gso'i dpal du gyur te mtha' yas ma rnams srid pa'i 'ching ba las grol te lhun grub sgo brgyad bum sku'i gzhi ru ye sangs rgyas pa'i rgyu ru gyur cig dge'o//