Catalog entry rKTs-B6407
གསས་མཁར་གསང་བ་སྒོ་དགུ་བདག་ཉིད་དཔལ་གསང་བ་འདུས་པའི་གསང་སྒྲུབ་རིག་པ་གཅེར་མཐོང་ཙི་ཏའི་རྒྱ་ཅན
gsas mkhar gsang ba sgo dgu bdag nyid dpal gsang ba 'dus pa'i gsang sgrub rig pa gcer mthong tsi ta'i rgya can




Bkt181.5

གསས་མཁར་གསང་བ་སྒོ་དགུ་བདག་ཉིད་དཔལ་གསང་བ་འདུས་པའི་གསང་སྒྲུབ་རིག་པ་གཅེར་མཐོང་ཙི་ཏའི་རྒྱ་ཅན
gsas mkhar gsang ba sgo dgu bdag nyid dpal gsang ba 'dus pa'i gsang sgrub rig pa gcer mthong tsi ta'i rgya can


Location
set MW30498: volume gsang 'dus sgrub pa - folios 1a1-18b4

Colophon
ཅེས་དཔལ་གསས་མཁར་གསང་བ་སྒོ་དགུའི་བདག་ཉིད་དཔལ་གསང་བ་འདུས་པའི་གསང་སྒྲབ་རིག་པ་ཅེར་མཐོང་ཙི་ཏའི་རྒྱ་ཅན་འདི་ཡང་། ས་སྟེང་གི་སྐྱེས་བུ་མཚན་བརྗོད་པར་དཀའ་བའི། གསང་ཆེན་རིག་པ་འཛིན་པའི་གྲུབ་ཐོབ། དུས་ངན་བསྐལ་ཁུག་གསོ་བའི་རིག་འཛིན། བླ་མེད་རྫོགས་པ་ཆེན་པོའི་རྣལ་འབྱོར། སྤྲལ་པའི་གཏེར་ཆེན་གཤེན་ཆེན་ཀླུ་དགའ་བ་དེ་ཉིད་ཀྱི་རོལ་གར་མངོན་པར་བསྟན་པ། ལྷོ་གཏེར་བོན་གྱི་མཛོད་འཆང་རིག་འཛིན་མཁའ་འགྲོའི་ཐུགས་སྲས་ཀུན་དགའ་དབང་ལྡན་དེ་ཉིད་ཀྱི་བོན་སྐལ་འདི་ཡང་། སྐབས་ཐོག་རྒྱས་པར་མ་ཕབ་དུས་དང་རྐྱེན་གྱིས་འཕྲོ་ལུས་སུ་སོང་བས། ཕྱིས་སུ་རྟེན་འབྲེལ་སྐབས་སུ་བབ་པའི་ཁོ་བོ་བདག་ཉིད་གསང་བའི་ཞིང་དང་ཞིང་ཁམས་བསྒྲོད་ནས། ཐེག་པ་དགུ་ཡི་བདག་ཉིད་ལྷ་མཆོག་རིག་འཛིན་ཆེན་པོའི་མངོན་ཞལ་མཇལ་སྐབས། སྔོན་གྱི་འཕྲོ་ལུས་གསང་བའི་གདམས་པ་ཞུས་པས། བདག་ལ་བཀའ་སྙན་ཡང་ཟབ་གནད་ཀྱི་གདམས་པ་མན་ངག་གཅིག་ཆོད་གནང་ཞིང་དུས་མཐའི་མི་རྣམས་སྤྱོད་པ་རང་རྒྱལ་དུ་སོང་གཤིས། མ་སྤེལ་སྙིང་དཀྱིལ་བཀའ་རྒྱ་སྦས་ནས་ཡོད་སྐབས། ཀ་དག་བོན་གྱི་སྐུར་བརྙེས་ཤིང་གངས་ཅན་བསྟན་པའི་སྒྲོན་མེ་དཔལ་སྙ་ཆེན་མཆོག་གི་གར་རོལ་ཁྱུང་དཀར་གྲུབ་པའི་དབང་ཕྱུག་བསྟན་འཛིན་རིན་ཆེན་བདེ་ཆེན་སྙིང་པོ་ཅན་གྱི་ཡང་སྲིད་ས་གསུམ་འགྲན་བྲལ་7་ཀུན་མཁྱེན་སངས་རྒྱས་བསྟན་འཛིན་གྲགས་པའི་རྒྱལ་ཚབ་གསེར་ཁྲིར་སྐྱོང་བ་མཁས་པ་རིན་ཆེན་བློ་གསལ་གྱི་གར་རོལ་སྤྱང་འཕགས་གདུང་གྲོལ་ཨ་མཉམ་མེད་ཚུལ་ཁྲིམས་དབང་གྲགས་དང་གྲུབ་ཐོབ་ཉི་མ་ལྷུན་གྲུབ་སྐུ་མཆེད་ཟུང་ནས། རྟེན་འབྲེལ་ལྷ་རྫས་དྲི་མེད་ཀྱིས་སྣ་དྲངས་ནས་བཀའ་གསུང་བདེ་ཆེན་འཁོར་ལོའི་དབུས་སུ་ཕེབས་(ཕབ)་པ་དང་། མ་ཟད་མཁས་པའི་ནོར་ལ་དབང་ཞིང་གནས་ལྔ་ལུང་རྟོགས་བོན་གྱིས་ཕྱུག་ཅིང་ལས་དང་སྐལ་པ་ལྡན་པའི་བཀའ་སློབ། བརྩེ་གདུང་གཅིག་ཏུ་འདྲེས་པའི་རིགས་མཐུན་གྲོགས་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས། དབྱིངས་ཀྱི་ལྷ་མཆོག་རིག་འཛིན་ཆེན་པོའི་ཐུགས་རྒྱུད་བསྐུལ་བའི་དྲི་བཟང་ཐུར་(ཐུལ)་མ། རྟེན་འབྲེལ་ཕུན་སུམ་ཚོགས་པའི་བཀའ་ཡི་གླེགས་ཐག་ངོ་མཚར་མིག་གི་དཔལ་གཏེར་ལྷ་རྫས་དར་དཀར་ཆུན་པོས་སྣ་དྲངས་ནས་བསྐུལ་བ་དང་། རིག་འཛིན་རྣལ་འབྱོར་དེ་ཉིད་ཀྱི་ཉེ་གནས་མོས་པ་རྩེ་གཅིག་གི་འདུ་ཤེས་མི་འབྲལ་བའི་བཙུན་པ་བསྟན་འཛིན་ཕུན་ཚོགས་ཀྱིས་རྒྱ་སིལ་གཤང་ཆུང་དང་རིན་ཆེན་གཉིས་པའི་འཁོར་ལོ་ཕར་ཕྱིན་ཐེག་པའི་གྲངས་ལྡན་ལ་དར་དཀར་ལྷ་རྫས་ཀྱི་འཚམས་(མཚམས)་སྦྱར། བསླབ་གསུམ་ཡིད་ཀྱི་རྟ་ཕོས་ཉེ་བར་དྲངས་ཏེ་བསྐུལ་བ་ལ་བརྟེན་ནས། སྐབས་སུ་བབ་པའི་ཁོ་བོ་7་ཚེ་དབང་རིག་འཛིན་རྗེས་འབྲེང་ཚུལ་7་ཚེ་དབང་བདེ་ཆེན་སྙིང་པོའམ། གསང་བའི་ཚོགས་ལ་རོལ་སྐབས་ཨུ0f38་གཡུང་དྲུང་ཐོགས་མེད་རྩལ་དུ་འབོད་པའི་རྒྱལ་ཁམས་ཀྱི་ཁོ་པོ་བ་དེས། བྱང་ཕྱོགས་ས་ཡི་ཐིག་ལེ། ཧོར་སོག་སྡེའི་ཐཱ་གྲུར། དབལ་གྱི་ཕུར་པ་ནག་པོས་བྱིན་གྱིས་རླབས་པའི་གནས་ཀྱི་མདུན་ཞོལ། བོན་གྱི་མེ་རོ་སྤོར་བའི་རླུང་གཡབ། ལྔ་སྙིགས་མུན་སྟུགས་སེལ་བའི་སྒྲོན་མེ། དཔལ་ལྡན་ནོར་བུ་གླིང་གི་རི་ཁྲོད། ཀུན་བཟང་བདེ་ཆེན་ཕོ་བྲང་དུ། རིག་འཛིན་གཤེན་གྱི་ཞལ་ལུང་བཞིན་དུ་དཀར་ཆག་ཡི་གེ་རིས་སུ་བྲིས་པའོ།།
ces dpal gsas mkhar gsang ba sgo dgu'i bdag nyid dpal gsang ba 'dus pa'i gsang sgrab rig pa cer mthong tsi ta'i rgya can 'di yang / sa steng gi skyes bu mtshan brjod par dka' ba'i/ gsang chen rig pa 'dzin pa'i grub thob/ dus ngan bskal khug gso ba'i rig 'dzin/ bla med rdzogs pa chen po'i rnal 'byor/ spral pa'i gter chen gshen chen klu dga' ba de nyid kyi rol gar mngon par bstan pa/ lho gter bon gyi mdzod 'chang rig 'dzin mkha' 'gro'i thugs sras kun dga' dbang ldan de nyid kyi bon skal 'di yang / skabs thog rgyas par ma phab dus dang rkyen gyis 'phro lus su song bas/ phyis su rten 'brel skabs su bab pa'i kho bo bdag nyid gsang ba'i zhing dang zhing khams bsgrod nas/ theg pa dgu yi bdag nyid lha mchog rig 'dzin chen po'i mngon zhal mjal skabs/ sngon gyi 'phro lus gsang ba'i gdams pa zhus pas/ bdag la bka' snyan yang zab gnad kyi gdams pa man ngag gcig chod gnang zhing dus mtha'i mi rnams spyod pa rang rgyal du song gshis/ ma spel snying dkyil bka' rgya sbas nas yod skabs/ ka dag bon gyi skur brnyes shing gangs can bstan pa'i sgron me dpal snya chen mchog gi gar rol khyung dkar grub pa'i dbang phyug bstan 'dzin rin chen bde chen snying po can gyi yang srid sa gsum 'gran bral 7 kun mkhyen sangs rgyas bstan 'dzin grags pa'i rgyal tshab gser khrir skyong ba mkhas pa rin chen blo gsal gyi gar rol spyang 'phags gdung grol a mnyam med tshul khrims dbang grags dang grub thob nyi ma lhun grub sku mched zung nas/ rten 'brel lha rdzas dri med kyis sna drangs nas bka' gsung bde chen 'khor lo'i dbus su phebs (phab) pa dang / ma zad mkhas pa'i nor la dbang zhing gnas lnga lung rtogs bon gyis phyug cing las dang skal pa ldan pa'i bka' slob/ brtse gdung gcig tu 'dres pa'i rigs mthun grogs po tshul khrims blo gros kyis/ dbyings kyi lha mchog rig 'dzin chen po'i thugs rgyud bskul ba'i dri bzang thur (thul) ma/ rten 'brel phun sum tshogs pa'i bka' yi glegs thag ngo mtshar mig gi dpal gter lha rdzas dar dkar chun pos sna drangs nas bskul ba dang / rig 'dzin rnal 'byor de nyid kyi nye gnas mos pa rtse gcig gi 'du shes mi 'bral ba'i btsun pa bstan 'dzin phun tshogs kyis rgya sil gshang chung dang rin chen gnyis pa'i 'khor lo phar phyin theg pa'i grangs ldan la dar dkar lha rdzas kyi 'tshams (mtshams) sbyar/ bslab gsum yid kyi rta phos nye bar drangs te bskul ba la brten nas/ skabs su bab pa'i kho bo 7 tshe dbang rig 'dzin rjes 'breng tshul 7 tshe dbang bde chen snying po'am/ gsang ba'i tshogs la rol skabs u0f38 g.yung drung thogs med rtsal du 'bod pa'i rgyal khams kyi kho po ba des/ byang phyogs sa yi thig le/ hor sog sde'i thA grur/ dbal gyi phur pa nag pos byin gyis rlabs pa'i gnas kyi mdun zhol/ bon gyi me ro spor ba'i rlung g.yab/ lnga snyigs mun stugs sel ba'i sgron me/ dpal ldan nor bu gling gi ri khrod/ kun bzang bde chen pho brang du/ rig 'dzin gshen gyi zhal lung bzhin du dkar chag yi ge ris su bris pa'o//


Additional miscellaneous Collections

Mongolian Canon


source rKTs &