གསས་མཁར་མཆོག་ལྔའི་ཡང་སྙིང་གི་གནད་བསྐུལ་ཉུང་བསྡུས་འདོད་དགུ་དཔལ་སྟེར gsas mkhar mchog lnga'i yang snying gi gnad bskul nyung bsdus 'dod dgu dpal ster
གསས་མཁར་མཆོག་ལྔའི་ཡང་སྙིང་གི་གནད་བསྐུལ་ཉུང་བསྡུས་འདོད་རྒུ་དཔལ་སྟེར gsas mkhar mchog lnga'i yang snying gi gnad bskul nyung bsdus 'dod rgu dpal ster Bkt
Bkt180.24
གསས་མཁར་མཆོག་ལྔའི་ཡང་སྙིང་གི་གནད་བསྐུལ་ཉུང་བསྡུས་འདོད་རྒུ་དཔལ་སྟེར gsas mkhar mchog lnga'i yang snying gi gnad bskul nyung bsdus 'dod rgu dpal ster
Location
set MW30498: volume rtsa gsum mchog lnga - folios 1a1-12a5
Colophon ཅེས་གསས་མཁར་མཆོག་ལྔའི་ཡང་སྙིང་གི་གནད་དུ་བསྐུལ་པ་ཉུང་འདུས་འདོད་དགུ་དཔལ་སྟེར་འདི་ཡང་། མདོ་སྨད་ས་ཡི་ཆར་འཁོད་དཔལ་ལྡན་ཆབ་མདོ་རྫ་སྟོད་ལྷ་མགར་འདུ་བྱེད་བཟོ་བོ། བོན་ཆོས་གྲུབ་མཐའ་གང་ལ་དག་སྣང་འབྱོན་ཞིང་རིས་སུ་མ་མཆིས་པ། མགོན་པོ་གང་གི་ཐུགས་རྗེའི་སྐྱབས་གུར་དུ་ཚུད་པའི་གྲཝ་སྐལ་བཟང་བློ་གྲོས་ནས། རྒྱུན་པར་འཁྱེར་བདེའི་ཆེད་དུ་འདི་ལྟ་བུ་ཞིག་དགོས་ཞེས་ལྷ་རྫས་དཀྱུས་འགེབ་གྱ་ནོམ་དར་དཀར་གྱི་འཁྱུད་ནས། འབྲི་གཞི་ཤོག་དཀར་བཅས་དང་། དེར་སྐབས་དཔོན་བཟང་སྐལ་བཟང་ཚུལ་ཁྲིམས་གཉིས་ནས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། རང་གི་བུ་སློབ་དུ་གྱུར་བས་ཞུ་བ་བློ་ཚིམ་ཆེད་དུ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྗེས་འཇུག་འཆི་མེད་ཚེ་དབང་རིག་འཛིན་གྱི་སྙིང་བུ། གཡུང་དྲུང་ཐོགས་མེད་རྩལ་ལམ། ཚེ་དབང་བདེ་ཆེན་སྙིང་པོས་དབྱར་གྱི་རྒྱལ་མོ་མངོན་རྟོགས་ལྷུན་གྲུབ་མས་དབང་བསྒྱུར་ཞིང་ནོར་འཛིན་བུ་མོ་ལང་ཚོ་རབ་རྒྱས་དར་ལྗང་གོས་སུ་བཀླུབས་ཅིང་མདངས་འབར་ངོ་མཚར་མེ་ཏོག་སྣ་ཚོགས་ཀྱིས་རྒྱན་འདོག་བཞིན་རས་ངོམ་པའི་དུས་སུ་སྤུ་སྡུག་སྐད་སྙན་བྱ་བྱིལ་སྣ་ཚོགས་ཀྱིས་མགྲིན་གླུ་དབྱངས་སུ་ལེན་པའི་ཆར། གཡུ་ཤུག་རྩེ་རྒྱལ་ཟེའུ་འབྲུ་ཕུང་ཕུང་རྒྱས་ཤིང་ལོ་འདབ་དྲི་གཞོན་རླུང་གིས་གཡོ་བའི་གར་སྟབས་ལྡེམ་ལྡེམ་བརྩེ་བའི་འདབས། དམ་ཅན་ལྷ་སྲུང་ངོ་བསྟོད་དཔའ་མཚན་དགའ་སྟོན་གཟེང་བསྟོད་པའི་སྐབས། ནམ་མཁར་གཡུ་ཡི་སྦྲང་ཆར་སིབ་སིབ་འབབ་པའི་ཉིན་པར། ཤར་གྲོལ་སྨིན་གླིང་གི་ལྷོ་ངོས་རབ་གསལ་ཉི་འོད་ཁང་དུ། མཆོག་ལྔའི་རྩ་གསུམ་རྒྱ་མཚོ་ལས་ཉུང་ངུར་བསྡུས་ནས། རེས་གཟའ་དཀར་པོའི་ནམ་གྲུ་ལྷ་མོས་བརྩེ་གར་རོལ་བའི་གྲལ་ཚེས་འགྲུབ་སྦྱོར་ལ་གྲུབ་པར་བགྱིས་པ་འདི་ཡང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག། ces gsas mkhar mchog lnga'i yang snying gi gnad du bskul pa nyung 'dus 'dod dgu dpal ster 'di yang / mdo smad sa yi char 'khod dpal ldan chab mdo rdza stod lha mgar 'du byed bzo bo/ bon chos grub mtha' gang la dag snang 'byon zhing ris su ma mchis pa/ mgon po gang gi thugs rje'i skyabs gur du tshud pa'i grwa skal bzang blo gros nas/ rgyun par 'khyer bde'i ched du 'di lta bu zhig dgos zhes lha rdzas dkyus 'geb gya nom dar dkar gyi 'khyud nas/ 'bri gzhi shog dkar bcas dang / der skabs dpon bzang skal bzang tshul khrims gnyis nas yang yang bskul ba la brten nas/ rang gi bu slob du gyur bas zhu ba blo tshim ched du/ sprul sku blo ldan snying po'i rjes 'jug 'chi med tshe dbang rig 'dzin gyi snying bu/ g.yung drung thogs med rtsal lam/ tshe dbang bde chen snying pos dbyar gyi rgyal mo mngon rtogs lhun grub mas dbang bsgyur zhing nor 'dzin bu mo lang tsho rab rgyas dar ljang gos su bklubs cing mdangs 'bar ngo mtshar me tog sna tshogs kyis rgyan 'dog bzhin ras ngom pa'i dus su spu sdug skad snyan bya byil sna tshogs kyis mgrin glu dbyangs su len pa'i char/ g.yu shug rtse rgyal ze'u 'bru phung phung rgyas shing lo 'dab dri gzhon rlung gis g.yo ba'i gar stabs ldem ldem brtse ba'i 'dabs/ dam can lha srung ngo bstod dpa' mtshan dga' ston gzeng bstod pa'i skabs/ nam mkhar g.yu yi sbrang char sib sib 'bab pa'i nyin par/ shar grol smin gling gi lho ngos rab gsal nyi 'od khang du/ mchog lnga'i rtsa gsum rgya mtsho las nyung ngur bsdus nas/ res gza' dkar po'i nam gru lha mos brtse gar rol ba'i gral tshes 'grub sbyor la grub par bgyis pa 'di yang / g.yung drung bon gyi bstan pa phyogs bcur rgyas pa'i rgyur gyur cig/