གསང་རྒྱུད་ཆ་ལག་ཉེར་མཁོ gsang rgyud cha lag nyer mkho
གསང་རྒྱུད་ཆ་ལག་ཉེར་མཁོ gsang rgyud cha lag nyer mkho Bkt
Bkt180.18
གསང་རྒྱུད་ཆ་ལག་ཉེར་མཁོ gsang rgyud cha lag nyer mkho
Location
set MW30498: volume rtsa gsum mchog lnga - folios 1a1-8b4
Colophon ཅེས་པའི་གསང་སྔགས་མ་རྒྱུད་རྒྱལ་བ་རྒྱ་མཚོ་ལས། ས་སྟེང་གི་སྐྱེས་བུ་མཚན་བརྗོད་པར་དཀའ་བའི་རྒྱལ་བ་གཉིས་པ་མཉམ་མེད་ཆེན་པོའི་གསེར་ཁྲི་ལ་བཞེངས་པའི་སྐྱེས་མཆོག་རིམ་བྱོན་གྱི་ཕྱག་མཆོད་སྐལ་བཟང་དྭངས་འདྲེན་དྲི་མེད་ཧི་ལ་བཱཛར་གྱི་ཕྲེང་བ་འདི་ཡང་། འགྲུ་བཙུན་ཤེས་རབ་ཚུལ་ཁྲིམས་ཀྱི་ཐུགས་བཞེད་དུ། ཤེལ་སྐྱེས་གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དབང་གི་རྒྱལ་པོའམ། བརྡའ་སྤྲོད་སྙན་ཚིག་གི་མིང་ཐོན་ཀུན་མཁྱེན་ལུང་རིག་རྒྱ་མཚོ་ཚངས་སྲས་དགྱེས་པའི་བློ་ལྡན་དུ་འབོད་པ་དེས་ཤར་གྲོལ་སྨིན་གླིང་དུ། ལེགས་སྦྱར་སཾསྐྲྀ་ཏ་ཡི་སྐད་དུཥ་བྷ། ཞང་ཞུང་སྨར་གྱི་སྐད་དུ་མཚོན་པ། མ་ཧ་ཙི་ནའི་སྐད་དུ་ཟིན་ཟི། སྟོད་འབྲེལ་བོད་ཀྱི་སྐད་དུ་ཁྱུ་མཆོག་དབང་ཐང་དང་བསྟུན་པའི་མིང་ནི་ལྕགས་སྦྲུལ་ལོའི་དགའ་བ་དང་པོའི་ཚེས་ལ་སྦྱར་བ་འདིས་ཀྱང་མཉམ་མེད་བླ་མའི་བསྟན་པ་སྲིད་རྩེར་སྦྲེང་ཞིང་སྙན་པའི་གྲགས་པ་ས་སྟེང་ཁྱབ་པའི་རྒྱུར་གྱུར་ཅིག། ces pa'i gsang sngags ma rgyud rgyal ba rgya mtsho las/ sa steng gi skyes bu mtshan brjod par dka' ba'i rgyal ba gnyis pa mnyam med chen po'i gser khri la bzhengs pa'i skyes mchog rim byon gyi phyag mchod skal bzang dwangs 'dren dri med hi la bAdzar gyi phreng ba 'di yang / 'gru btsun shes rab tshul khrims kyi thugs bzhed du/ shel skyes g.yung drung grags pa bstan pa'i rgyal mtshan dbang gi rgyal po'am/ brda' sprod snyan tshig gi ming thon kun mkhyen lung rig rgya mtsho tshangs sras dgyes pa'i blo ldan du 'bod pa des shar grol smin gling du/ legs sbyar saMskr-i ta yi skad duSha b+ha/ zhang zhung smar gyi skad du mtshon pa/ ma ha tsi na'i skad du zin zi/ stod 'brel bod kyi skad du khyu mchog dbang thang dang bstun pa'i ming ni lcags sbrul lo'i dga' ba dang po'i tshes la sbyar ba 'dis kyang mnyam med bla ma'i bstan pa srid rtser sbreng zhing snyan pa'i grags pa sa steng khyab pa'i rgyur gyur cig/